འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་20ཉིན།

༄༅།།རྒྱ་གར་གྱི་ས་ཆ་འདིར་ཆུ་ལོག་བྱུང་ནས་མི་32གྲོངས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་20ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱ་གར་གྱི་ས་ཆ་འདིར་ཆུ་ལོག་བྱུང་ནས་མི་32གྲོངས།
    མི་དམངས་དྲ་བའི་འཕྲིན། རྒྱ་གར་སྨྱན་སྦྱོར་གྱིས་ཚེས་18ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་བྱང་ཤར་རྒྱུད་ཀྱི་ཨ་ས་མུའུ་མངའ་སྡེ་དང་མེ་ཅ་ལ་ཡ་མངའ་སྡེར་ཉིན་བསྟུད་མར་དྲག་ཆར་བབས་ནས་ཆུ་ལོག་བྱུང་བ་དང་།འདས་པའི་ཉིན་གཉིས་ནང་ཉུང་མཐར་ཡང་མི་32རྐྱེན་ལམ་དུ་ཤོར་ཡོད་པ་རེད།
   ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མེ་ཅ་ལ་ཡ་མངའ་སྡེར་འདས་པའི་ཉིན་གཉིས་ནང་མི་19རྐྱེན་ལམ་དུ་ཤོར་ཞིང་། དེའི་ནང་ཟླ་6ཟིན་པའི་ཕྲུ་གུ་དམར་འབྱར་ཚུད་ཡོད་པ་རེད། ཉེ་འགྲམ་གྱི་ཨ་ས་མུ་མངའ་སྡེ་རུ་འདས་པའི་ཉིན་གཉིས་ནང་མི་13རྐྱེན་ལམ་དུ་ཤོར་འདུག མིག་སྔར་ཨ་ས་མུའུ་མངའ་སྡེའི་གྲོང་ཚོ་3000ཙམ་གྱི་མི་ཁྲི་180ལྷག་ཙམ་ལ་གནོད་འཚེ་ཕོག་པ་དང་། ས་ཞིང་སྤྱི་ཆིང་ཁྲི་4.3ཆུས་བསྣུབས་པ། འགྲོ་ལམ་དང་། ཟམ་པ། རྨང་གཞིའི་སྒྲིག་བཀོད་གཞན་དག་བཅས་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད།
   རྒྱ་གར་དུ་ལོ་ལྟར་གྱི་ཟླ་6པ་ནས་ཟླ་9པ་བར་ནི་དུས་རླུང་གི་ཆར་དུས་ཡིན་པ་དང་། གློག་འཁྱུག་དྲག་ཆར་འབབ་པའི་གནམ་གཤིས་མང་ཞིང་། ཆུ་ལོག་དང་། འདམ་རྡོ་ཆུ་རུད། རི་ཉིལ་བ་སོགས་ཀྱི་གནོད་འཚེ་རྟག་ཏུ་ཐོན་གྱི་ཡོད།
༄༅།།རྒྱ་གར་གྱི་ས་ཆ་འདིར་ཆུ་ལོག་བྱུང་ནས་མི་32གྲོངས།
༄༅།།རྒྱ་གར་གྱི་ས་ཆ་འདིར་ཆུ་ལོག་བྱུང་ནས་མི་32གྲོངས།