འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་20ཉིན།

༄༅།།བོད་ལྗོངས་སློབ་ཆེན་གྱིས་མཐར་ཕྱིན་མཛད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་20ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་སློབ་ཆེན་གྱིས་མཐར་ཕྱིན་མཛད་སྒོ་སྤེལ་བ།
   མི་དམངས་དྲ་བའི་འཕྲིན། ཚེས་16ཉིན། བོད་ལྗོངས་སློབ་ཆེན་གྱི་2022ལོའི་སློབ་མའི་སློབ་ཐོན་མཛད་སྒོ་དང་སློབ་གནས་སྤྲོད་པའི་མཛད་སྒོ་ལྷ་སར་འཚོགས། སློབ་གླུ་སྙན་མོ་དང་བསྡོངས་ནས་མཐར་ཕྱིན་སློབ་མ་2930སློབ་གྲྭ་ནས་གྱེས་ཏེ་མ་འོངས་ཕྱོགས་ལ་བསྐྱོད།
   “བོད་ལྗོངས་སློབ་ཆེན་ནི་ང་ཚོའི་མི་ཚེའི་ལམ་བུའི་ཐོག་གི་ལང་ཚོའི་ཁྱིམ་གཞིས་གལ་ཆེ་ཤོས་དེ་རེད།དགེ་རྒན་ཚོའི་སྣེ་ཁྲིད་འོག  ང་ཚོས་མཉམ་དུ་འབད་འབུངས་ཧུར་བརྩོན་བྱས་ནས་མཉམ་དུ་སློབ་སྦྱོང་ཡར་རྒྱས་ཡོང་བ་བྱས་ཡོད།” བོད་ལྗོངས་སློབ་ཆེན་རང་བྱུང་ཚན་རིག་སློབ་གླིང་གི་2018ལོའི་དངོས་ལུགས་དགེ་འོས་འཛིན་གྲྭའི་ཚེ་རིང་དབང་ཕྱུག་གིས།ང་ཚོས་མཉམ་དུ་བོད་ལྗོངས་སློབ་ཆེན་གྱི་འཕེལ་རྒྱས་བདེན་དཔང་བྱས་པ་མ་ཟད། སློབ་སྦྱོང་གི་བརྒྱུད་རིམ་འདིས་ཀྱང་ང་ཚོའི་ལང་ཚོར་ངོ་མཚར་ཆེ་བའི་རྣམ་པ་ཞིག་བཏོད་ཡོད་ཅེས་བཤད།
   བོད་ལྗོངས་སློབ་ཆེན་བཙུགས་ནས་ལོ་70ལྷག་ཙམ་སོང་ཞིང་། རིམ་རྩིས་བྱས་ན་རིམ་ཁག་དང་རིགས་ཁག་གི་ཆེད་ལས་ཤེས་ལྡན་པ་ཁྲི་8ལྷག་ཙམ་གསོ་སྐྱོང་བྱས་ནས། བོད་ལྗོངས་དང་ལྷོ་ནུབ་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ལ་རིག་སྟོབས་ཀྱི་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ཡོད། ཉེ་ཆར《2021ལོའི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་འཛུགས་སྐྱོང་ས་ཚིགས་རྩེ་གྲའི་མིང་ཐོ་ཁྱབ་བསྒྲགས་བྱ་རྒྱུའི་སྐོར་གྱི་སློབ་གསོ་པུའུ་གཞུང་དོན་ཐིང་གི་བརྡ་ཐོ》(སློབ་གསོ་མཐོ་རིམ་ཐིང་གི་ཡི་གེ་(2022)ཨང་14པ)གཞིར་བཟུང་། བོད་ལྗོངས་སློབ་ཆེན་དུ་ཆབ་སྲིད་རིག་པ་དང་སྲིད་འཛིན་རིག་པ་སོགས་ཆེད་ལས་13གསར་སྣོན་བྱས་པ་དེ་2021ལོའི་རྒྱལ་ཁབ་རིམ་པའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་འཛུགས་སྐྱོང་ས་ཚིགས་རྩེ་གྲའི་གྲས་ཤིག་ཡིན་པ་རེད།
༄༅།།བོད་ལྗོངས་སློབ་ཆེན་གྱིས་མཐར་ཕྱིན་མཛད་སྒོ་སྤེལ་བ།