འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་20ཉིན།

༄༅།།མི་མེད་གནམ་གྲུ་འདི་འཕུར་ཐེངས་དང་པོར་ལམ་ལྷོང་བྱུང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་20ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མི་མེད་གནམ་གྲུ་འདི་འཕུར་ཐེངས་དང་པོར་ལམ་ལྷོང་བྱུང་བ།
   མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་18ཉིན་མཁའ་འགྲུལ་བཟོ་ལས་འཕུར་ཁང་གཅིག་གིས་ཞིབ་འཇུག་དང་གསར་བཟོ་བྱས་པའི་མི་མེད་སྐྱེལ་འདྲེན་གནམ་གྲུ་TP500འཕུར་ཐེངས་དང་པོར་ལམ་ལྷོང་བྱུང་ཡོད། 
   མི་མེད་སྐྱེལ་འདྲེན་གནམ་གྲུ་TP500ནི་ཆུ་ཚོད་6དང་སྐར་མ་18པར་འཕུར་རྗེས་ཆུ་ཚོད་6དང་སྐར་མ་45པར་ཐང་ལ་བབས་ཤིང་། བར་སྣང་དུ་སྐར་མ་27འཕུར་ཡོད་པ་རེད། འཕུར་སྐྱོད་བརྟན་པོ་དང་བདེ་འཇགས་ཡིན་པས་འཕུར་ཐེངས་དང་པོར་ལམ་ལྷོང་བྱུང་། གནམ་གྲུ་དེས་སྟོང་ཁེ་500རིམ་པའི་ཚད་གཞིའི་ཐེག་ཚད་དང་སྟོང་སྨི་500ཚངས་ཕྱེད་ཁྱབ་ཁོངས་ཀྱི་ཁ་ལོ་བ་མེད་པའི་མཁའ་འགྲུལ་ཟོག་འདྲེན་ཐད་ཀྱི་དགོས་མཁོ་སྐོང་ཐུབ་པ་དང་། འཕུར་ཐག་རིང་ཤོས་སྟོང་སྨི་1800ཡིན་ཞིང་། དེ་ནི་ཐེག་ཚད་ཆེ་བའི་མི་མེད་སྐྱེལ་འདྲེན་ལས་སྟེགས་ཀུན་སྤྱོད་རིགས་ཤིག་ཡིན་ལ། ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་གྱི་དགོས་མཁོ་ལྟར་ཞིབ་བཟོ་བྱས་པའི་མི་མེད་སྐྱེལ་འདྲེན་གནམ་གྲུ་ཆེན་པོ་དང་པོ་དེའང་ཡིན།