འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་17ཉིན།

༄༅།།ཟླ་6པའི་ཟླ་སྨད་དུ་སྐར་མ་འདི་ལྔ་མཉམ་དུ་ཡོད་པ་མཐོང་ཐུབ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་17ཉིན། 15:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཟླ་6པའི་ཟླ་སྨད་དུ་སྐར་མ་འདི་ལྔ་མཉམ་དུ་ཡོད་པ་མཐོང་ཐུབ།
     མི་དམངས་དྲ་བའི་འཕྲིན། གནམ་རིག་ཚན་རིག་ཁྱབ་གདལ་གྱི་རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་6པའི་ཟླ་སྨད་དུ་ཉིན་རེའི་ཞོགས་པར་ཉི་མ་མ་ཤར་གོང་ཉི་མའི་ཁྱིམ་རྒྱུད་ནང་གི་སྐར་མ་སྤེན་པ། སྐར་མ་ཕུར་བུ། སྐར་མ་མིག་དམར། སྐར་མ་པ་སངས། སྐར་མ་ལྷག་པ་བཅས་སྐར་ལྔ་མཉམ་དུ་གནས་པའི་རྣམ་པ་ངོ་མཚར་ཅན་མཐོང་ཐུབ། གནམ་གཤིས་དྭངས་བ་དང་རླུང་ཁམས་ཆེན་མོའི་གསལ་ཚད་ཡག་པོ་ཡོད་ཚེ། རང་རྒྱལ་སྤྱི་དམངས་ཀྱིས་ངོ་མཚར་བའི་རྣམ་པ་འདི་མིག་གིས་མཐོང་ཐུབ།