འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་17ཉིན།

༄༅།།ཟླ་བའི་གོ་ལའི་སྟེང་དུ་ཆུ་ཡོད་དམ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་17ཉིན། 15:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཟླ་བའི་གོ་ལའི་སྟེང་དུ་ཆུ་ཡོད་དམ།
     མི་དམངས་དྲ་བའི་འཕྲིན། ཟླ་བའི་ལྷ་མོ་ཨང་ལྔ་པའི་ཟླ་བའི་གོ་ལའི་ས་རྒྱུ་ཞིབ་འཇུག་གི་གྲུབ་འབྲས་གསར་པ་ཁྱབ་བསྒྲགས་བྱས། ཀྲུང་གོའི་ཞིབ་འཇུག་ཚོགས་པས་ཟླ་བའི་ལྷ་མོ་ཨང་ལྔ་པ་ཐང་འབབ་ཁུལ་གྱི་ཟླ་བའི་ས་རྒྱུའི་ནང་དུ་ཆའང་རྨང་གི་རྣམ་པ་མངོན་གསལ་དོད་པོ་ལྡན་པའི“ཆུ”ཤེས་རྟོགས་བྱུང་ཡོད། དེ་དང་ཆབས་ཅིག་ཞིབ་འཇུག་བྱས་པ་ལས་ཟླ་བའི་ལྷ་མོ་ཨང་ལྔ་པའི་ས་རྒྱུའི་ནང་ཟླ་བའི་གོ་ལའི་ནང་ངོས་ནས་ཐོན་པའི་གདོད་སྐྱེས་ཆུ་ཡོད་པ་མངོན་ཡོད། འབྲེལ་ཡོད་གྲུབ་འབྲས་དྲ་ཐོག་ནས་ཟླ་6ཚེས་15ཉིན་རྒྱལ་སྤྱིའི་གྲགས་ཅན་དུས་དེབ《རང་བྱུང་གསར་འགྱུར》ཐོག་འགྲེམས་སྤེལ་བྱས།