འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་16ཉིན།

༄༅།།བློ་བསྟན་ལ་སྲོག་ཁྲིམས་བཅད་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་16ཉིན། 15:26】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་6ཚེས་13ཉིན། བློ་བསྟན་གྱིས་རྔ་བ་རྫོང་གི་བོད་ཟས་ཁང་ཞིག་ཏུ་ཐུབ་ཆེ་གེ་མོ་དང་དོན་དག་ཙག་ཙིག་གི་ཆེད་དུ་རྩོད་པ་བྱུང་སྟེ་བསམ་བཞིན་དུ་ཐུབ་ཆེ་གེ་མོར་གྲི་ཡིས་བསྣུན་ནས་བསད་པ་རེད། 
     2022ལོའི་ཟླ་6ཚེས་15ཉིན། རྔ་པ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གཤམ་སྤྲོད་བྱས་པའི་སྲོག་ཁྲིམས་ལག་བསྟར་གྱི་བཀའ་རྒྱ་གཞིར་བཟུང་། ཉེས་ཅན་བློ་བསྟན་ལ་ལུས་པོ་ཞིབ་བཤེར་བྱས་ནས་ཁྲིམས་ལྟར་སྲོག་ཁྲིམས་ལག་བསྟར་བྱས་པ་དང་། རྔ་བ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་མི་སྣ་མངགས་ནས་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱས་པ་རེད། ཁྲིམས་ཆད་མ་བཅད་གོང་ཉེས་ཅན་བློ་བསྟན་ལ་ཁོའི་ཁྱིམ་མིར་ཐུག་འཕྲད་བྱ་རྒྱུར་བཀོད་སྒྲིག་བྱས་པ་དང་། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མའི་ཁྲིམས་མཐུན་ཁེ་དབང་འགན་ལེན་གང་ལེགས་བྱས་ཡོད།