འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་16ཉིན།

༄༅།།ལོ་10ནང་ཞིབ་འཇུག་སློབ་མ་ས་ཡ་བདུན་ལྷག་གསོ་སྐྱོང་བྱས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་16ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། སློབ་གསོ་པུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདིའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཞིབ་འཇུག་སློབ་མའི་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཕན་འབྲས་སྐོར་ངོ་སྤྲོད་བྱས་པ་རེད།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སློབ་གསོ་པུས་སྔ་རྗེས་སུ་རེས་སྐོར་གཉིས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ལག་ལེན་བསྟར་ཡོད།ལོ་བཅུའི་རིང་ལ་རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མའི་གསོ་སྐྱོང་ཚན་པ་800ལྷག་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་རིགས་གཙོ་བོར་འབུམ་རམས་པ་ཁྲི་60ལྷག་དང་རབ་འབྱམས་པ་ཁྲི་650ལྷག་གསོ་སྐྱོང་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།