འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་16ཉིན།

༄༅།།གོ་ལ་ཡོངས་ཀྱི་བྱ་ཤའི་རིན་གོང་འཕར་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་16ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གོ་ལ་ཡོངས་ཀྱི་བྱ་ཤའི་རིན་གོང་འཕར་འདུག
   མི་དམངས་དྲ་བའི་འཕྲིན། གོ་ལ་ཧྲིལ་པོའི་བྱ་ཤའི་རིན་གོང་འཕར་བ་དང་དེ་བཞིན་མ་ལེ་ཞི་ཡའི་བྱ་དེ་གསོན་པོ་ཕྱིར་གཏོང་ཐད་ལ་བཀག་རྒྱ་ཡོད་པའི་དབང་གིས། སིང་ཀ་ཕོར་གྱི་རྒྱལ་དམངས་ཟས་རིགས“བྱ་ཤ་ཟ་མའི”རིན་གོང་འཕར་བའི་ཉེན་ཁ་འཕྲད་ཡོད་པ་རེད།
སིང་ཀ་ཕོར་གྱི་སྟབས་ཟས་ཁྲོམ་གཞུང་དུ་ཚོང་ཁང་ཁག་གཅིག་གི་བྱ་ཤ་ཟ་མའི་རིན་གོང་དེ་སྔའི་མི་དམངས་ཤོག་སྒོར་25ཡིན་མོད་ད་ལྟ་མི་དམངས་ཤོག་སྒོར་30བར་སྤར་ཡོད་པ་རེད། མགྲོན་པོ་ལ་ལས་གལ་ཏེ་ཟས་དེའི་རིན་གོང་མུ་མཐུད་ཇེ་མཐོར་སོང་ན། དེའི་བཟའ་གྲངས་ཉུང་དུ་གཏོང་རྒྱུ་ཡིན་ཞེས་བཤད།ཤེས་རྟོགས་བྱུང་བར་གཞིགས་ན། སིང་ཀ་ཕོར་བ་མི་རེས་ལོ་རེར་ཆ་སྙོམས་བྱས་ན་བྱ་ཤ་སྤྱི་རྒྱ་36འཛད་སྤྱོད་བྱེད་ཀྱི་ཡོད།