འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་16ཉིན།

༄༅།།ས་གནས་མང་པོས་གཞུང་ལས་པ་བསྡུ་བའི་ལས་རྐང་མང་དུ་བཏང་ཡོད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་16ཉིན། 12:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཞིང་ཆེན་མང་པོ་ཞིག་གིས་དེ་སྔོན་རིམས་ནད་ཀྱི་རྐྱེན་པས་གནས་སྐབས་ནར་འགྱངས་བཏང་བའི་2022ལོའི་གཞུང་ལས་པ་བསྡུ་ལེན་ཡིག་རྒྱུགས་བསྐྱར་དུ་འགོ་ཚུགས་ཡོད། མིག་སྔར་ཏག་ཏག་སློབ་ཆེན་གྱི་སློབ་མ་སློབ་མཐར་ཕྱིན་པའི་དུས་ཡིན་ཞིང་། ད་ལོར་ས་ཁུལ་མི་ཉུང་བ་ཞིག་གིས་སྲིད་ཇུས་བཏོན་པ་ལས་སྲིད་ཇུས་རང་བཞིན་གྱི་ལས་རྐང་མང་དུ་གཏོང་རྒྱུ་དང་། གཞུས་ལས་པ་དང་བྱ་ལས་སྡེ་ཚན་སོགས་ཀྱི་ལས་རྐང་ཐོག་མཐོ་སློབ་གྱི་སློབ་མ་བསྡུ་རྒྱུ་ཡིན་པ་གསལ་སྟོན་བྱས་ཡོད།
རིམས་ནད་ཀྱི་རྐྱེན་པས་གནས་སྐབས་ནར་འགྱངས་བཏང་བའི་ཞིང་ཆེན་གྱི་ཡིག་རྒྱུགས་བསྐྱར་དུ་འགོ་ཚུགས་པ་དང་། ཞིང་ཆེན་མང་པོས་ཡིག་རྒྱུགས་དུས་ཚོད་གཏན་ཁེལ་བ་རེད། 
   ད་ལོའི་ཟླ་2པར་རྒྱལ་ཡོངས་ཀྱི་ཞིང་ཆེན་20ལྷག་ཙམ་གྱིས་2022ལོའི་གཞུང་ལས་པ་བསྡུ་ལེན་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་པ་དང་། ས་ཁུལ་མང་ཆེ་བས་ཡིག་རྒྱུགས་དུས་ཚོད་དེ་ཟླ་3པའི་ཟླ་སྨད་དུ་གཏན་འཁེལ་བྱས་མོད། འོན་ཀྱང་ཟླ་3པ་ཤར་ཚུན་རྒྱལ་ཡོངས་ཀྱི་ས་གནས་མང་པོར་རིམས་ནད་བྱུང་བས་ས་གནས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་ཡིག་རྒྱུགས་དུས་ཚོད་ནར་འགྱངས་བཏང་བ་རེད།
   ཉེ་དུས་ས་ཆ་མང་པོ་ཞིག་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལེགས་སུ་ཕྱིན་ནས།ཉིན་ཤས་བསྟུད་མར། ཨན་ཧུའེ་དང་། ཧོ་ནན། ཀན་སུའུ། ཀྲེ་ཅང་། ཧྥུའུ་ཅན། ཧོ་པེ། ཀུའེ་ཀྲོའུ་སོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་གཞུང་ལས་པ་བསྡུ་ལེན་ཡིག་རྒྱུགས་ལས་དོན་བསྐྱར་དུ་སྤེལ་ཞིང་། ཞིང་ཆེན་མང་པོ་ཞིག་གིས་ཡིག་རྒྱུགས་དུས་ཚོད་དེ་ཟླ་7ཚེས་9ཉིན་ནས་ཚེས་10ཉིན་བར་བྱས་པ་རེད།
   ཡིག་རྒྱུགས་དུས་ཚོད་ལེགས་སྒྲིག་བྱས་མཐར་ས་གནས་མང་པོ་ཞིག་གིས་ཀྱང་ཡིག་རྒྱུགས་ལ་ཞུགས་ཐབས་བྲལ་བའི་རྒྱུགས་སྤྲོད་སློབ་མར་ཡིག་རྒྱུགས་འགྲོ་གྲོན་ཕྱིར་སློག་བྱེད་ལུགས་ཡོངས་བསྒྲགས་བྱས་པ་རེད། དཔེར་ན། ཨན་ཧུའེ་ཡིས་རྒྱུ་མཚན་ཡོད་པའི་རྐྱེན་པས་ད་ཐེངས་ཀྱི་ཡིག་རྒྱུགས་ནང་ཞུགས་མི་ཐུབ་པའི་རྒྱུགས་སྤྲོད་སློབ་མར་དམིགས་ནས་ཟླ་6ཚེས་15ཉིན་གྱི་ཆུ་ཚོད་9པ་ནས་ཚེས་17ཉིན་གྱི་ཆུ་ཚོད་17བར་མིང་ཐོ་འགོད་པའི་མ་ལག་ནང་ཞུགས་ནས་བསྡུ་དངུལ་ཕྱིར་སློག་གི་འགྲོ་ལུགས་གཉེར་ཆོག་གི་ཡོད་པ་རེད།