འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་16ཉིན།

༄༅།།ས་གཙང་རྔ་པའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཁྲེང་ཏུའི་འགྲེམས་ཚོང(དྲ་ཐོག་ཚོང་དོན)ལྟེ་གནས་དངོས་སུ་
ལས་གཉེར་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་16ཉིན། 12:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རྔ་པའི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཉིའུ་ཆུས་སུ་གནས་པའི“ས་གཙང་རྔ་པའི་ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་ཚོང(དྲ་ཐོག་ཚོང་དོན)ལྟེ་གནས”དངོས་སུ་ལས་གཉེར་བྱེད་འགོ་ཚུཌ་པ་རེད།
    འགྲེམས་ཚོང་ལྟེ་གནས་དེའི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་470ཟིན་པ་དང་། རྣམ་པ“རྒྱུ་གཙང་སྤུས་གཙང”གཙོ་བོར་བྱས་ནས་སྐྱེ་ཁམས་དང་བདེ་ཐང་གི་བརྗོད་དོན་གཙོ་བོའི་གཞི་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ཡོད། བདེ་ཐང་བཟའ་སྣུམ་དང་། སྤྲོ་གསེང་བཟའ་བཅའ། ཁྱད་ལྡན་རྩ་ཆེའི་རི་ཟས། ཆང་རག་ཁུལ་སོགས་ཆེད་ཁུལ་ཆེན་པོ་7བཀོད་སྒྲིག་བྱས་པའི་ནང་ཀྲོའུ་ཡོངས་ཀྱི་རྫོང(ཆུས)13གྱི་སྤུས་ལེགས་ཞིང་ཟོག་ཐོན་རྫས་རིགས་300ལྷག་ཙམ་འདུས་ཡོད་པ་རེད།
   འགྲེམས་ཚོང་ལྟེ་གནས་དེ་ནི“ས་གཙང་རྔ་པའི”སྤྱི་པའི་ས་ཁོངས་ཀྱི་སྤུས་རྟགས་ཐོན་རྫས་དྲ་ཕྱིའི་ལྟེ་གནས་ཚོང་ཁང་ཡིན་པ་དང་། རྔ་པ་ཀྲོའུ་སྲིད་གཞུང་གིས“ས་གཙང་རྔ་པའི”སྤུས་རྟགས་ཚོང་རྟགས་སྤྱོད་རྒྱུའི་དབང་ཆ་སྤྲད་པའི་ཁེ་ལས་90ཡིས་ཕྱི་ཕྱོགས་སུ་ཀྲོའུ་ནང་ཁུལ་གྱི་ཞིང་ལས་སྤུས་རྟགས་དང་སྤུས་ལེགས་ཞིང་ལས་ཐོན་རྫས་སོགས་ངོ་སྤྲོད་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་རེད།