འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་15ཉིན།

༄༅།།རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་གཞན་ཞིག་བྱས་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་15ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་གཞན་ཞིག་བྱས་འདུག
   མི་དམངས་དྲ་བའི་འཕྲིན། ཀྲུང་གོ་མཚོ་སྣུམ་གྱིས་གནས་ཚུལ་ཁྱབ་བསྒྲགས་བྱས་པར་གཞིགས་ན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཆུ་འོག་སྣུམ་འདོན་ཤིང་གི་མ་ལག་ཐོག་མ་དེ་དངོས་སུ་སྤྱོད་འགོ་ཚུགས་པ་དང་། དེའི་ཐོག་ནས་རང་རྒྱལ་ལ་མཚོ་ཟབ་ཆུ་འོག་གི་སྣུམ་འདོན་ཤིང་གི་སྒྲིག་ཆས་ཆ་ཚང་ཇུས་འགོད་དང་བེད་སྤྱོད་བྱེད་ནུས་ལྡན་པ་མཚོན་ཡོད།
   ཆུ་འོག་སྣུམ་འདོན་ཤིང་གི་མ་ལག་ནི་མཚོ་ཐོག་སྣུམ་ཞིང་གིས་ཐོན་སྐྱེད་བྱས་པའི་ལྟེ་བའི་སྒྲིག་ཆས་ཤིག་ཡིན་པ་དང་། དེས་ས་རིམ་ཟབ་མོ་ནས་ཡོང་བའི་སྣུམ་རླངས་དང་ཕྱི་རོལ་གྱི་སྣུམ་རླངས་སྐྱེལ་འདྲེན་སྦུག་ལམ་དང་སྦྲེལ་མཐུད་བྱས་ཡོད། དེས་སྣུམ་རླངས་སྔོག་འདོན་གྱི་མྱུར་ཚད་ཚོད་འཛིན་དང་། དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན། ཐོན་སྐྱེད་ཀྱི་གནས་ཚུལ་ལེགས་སྒྲིག་བཅས་བྱེད་ཐུབ། ད་ཐེངས་ཐོན་སྐྱེད་བྱས་པའི་སྣུམ་འདོན་ཤིང་གི་ལྗིད་ཚད་ཏུན་55ཟིན་པ་དེ་ལྷུ་ལག་2500ལྷག་ཙམ་ལས་གྲུབ་པ་དང་། བདེ་འཇགས་ངང་ལོགས་བཀར་སྣུམ་གསོག་རིམ་པ་དང་ཁྲོན་འོག་གི་ལས་སྒྲུབ་བདེ་འཇགས་ལ་འགན་སྲུང་བྱེད་པ་སོགས་ཀྱི་ནུས་པ་ལྡན་ཡོད་པ་རེད།
   དུས་ཡུན་རིང་པོའི་ནང་། རང་རྒྱལ་གྱི་ཆུ་འོག་སྣུམ་འདོན་ཤིང་གི་མ་ལག་ནང་འདྲེན་ལ་བརྟེན་ཡོད་པས། སྒྲིག་ཆས་དེ་ཉོ་སྒྲུབ་ཀྱི་དུས་འཁོར་རིང་བ་དང་། རིན་གོང་མཐོ་བ། སྲུང་སྐྱོང་བྱེད་དཀའ་བ་བཅས་ཀྱི་གནས་ཚུལ་བྱུང་ཡོད། ད་ཐེངས་ཆུ་འོག་སྣུམ་རླངས་ཐོན་སྐྱེད་མ་ལག་ལས་གྲྭའི་དཔེ་སྟོན་ཉེར་སྤྱོད་ལས་གཞི་བེད་སྤྱོད་བྱས་པ་དེས་རང་རྒྱལ་གྱིས་བཟོས་པའི་སྒྲིག་ཆས་ཀྱི་བདེ་འཇགས་རང་བཞིན་དང་བློས་འགེལ་ཆོག་པའི་རང་བཞིན་སྔར་བས་ར་སྤྲོད་བྱས་ཤིང་། རང་རྒྱལ་གྱི་མཚོ་ཟབ་སྣུམ་རླངས་གསར་སྤེལ་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་ཐད་འགག་རྩའི་གོམ་པ་ཞིག་སྤོས་པ་མཚོན་ཡོད།