འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་15ཉིན།

༄༅།།རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་སྤར་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་15ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་སྤར་འདུག
   མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་14ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཉེ་དུས་རྒྱལ་སྤྱིའི་ཁྲོམ་རའི་སྣུམ་གོང་འགྱུར་ལྡོག་འགྲོ་ཚུལ་ལ་གཞིགས་ནས། ད་ལྟ་ལག་བསྟར་བྱེད་བཞིན་པའི་བཅོས་སྣུམ་གྱི་རིན་གོང་གྲུབ་པའི་ལམ་སྲོལ་གཞིར་བཟུང་། 2022ལོའི་ཟླ་6ཚེས་14ཉིན་གྱི་ཆུ་ཚོད་24ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་ཏུན་རེའི་རིན་གོང་སོ་སོར་སྒོར་390དང་སྒོར་375སྤར་ཡོད་ཅེས་བརྗོད།
   འདི་ནི་ན་ནིང་ལོ་མཇུག་ནས་བཟུང་རང་རྒྱལ་གྱིས་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་སྤར་ཐེངས་བཅུ་གཅིག་པ་ཡིན་ཞིང་། ད་རེས་ལེགས་སྒྲིག་བྱས་པ་དེས་ཧྲེང་རེར་སྒོར་0.3ཙམ་སྤར་ཡོད་པ་རེད། ཐེངས་འདིར་སྣུམ་གོང་སྤར་བ་ལས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་རླངས་འཁོར་འགྲོ་སྐྱོད་ཀྱི་མ་གནས་མཐོ་རུ་འགྲོ་ཡོད། སྒེར་གྱི་རླངས་འཁོར་སྣུམ་སྒམ་ཤོང་ཚད་ཧྲེང50ཡིན་པ་ཞིག་ལ་ཚོད་རྩིས་བྱས་ན། སྣུམ་གོང་སྤར་རྗེས། རླངས་འཁོར་ཟླ་རེར་སྤྱི་ལེ་2000བསྐྱོད་ཅིང་སྤྱི་ལེ་100ལ་སྣུམ་ཧྲེང་8ཟད་གྲོན་འགྲོ་བ་ཞིག་གིས་སྣུམ་སྤྱོད་མ་གནས་དེ་ཟླ་6པའི་ཟླ་འགོ་ལས་ཟླ་རེར་སྒོར་47.6ཙམ་མང་དུ་གཏོང་དགོས་ཀྱི་ཡོད། དེ་དང་ཆབས་ཅིག་ཟོག་འགྲེམས་སྐྱེལ་འདྲེན་གྱི་མ་གནས་ཀྱང་སྔར་བས་ཆེ་རུ་འགྲོ་རྒྱུ་རེད།
   རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ཀྲུང་གོ་རྡོ་སྣུམ་དང་། ཀྲུང་གོ་རྡོ་སྣུམ་རྫས་འགྱུར། ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་བཅས་གསུམ་གྱིས་ཐེངས་འདིའི་སྣུམ་གྲུབ་མའི་རིན་གོང་ལེགས་སྒྲིག་བྱེད་པའི་དུས་འཁོར་ནང་། མཁོ་སྤྲོད་གནས་ཚུལ་ཛ་དྲག་ཆེ་བ་དང་། དགོས་མཁོ་ཆེ་བ། དེ་བཞིན་དུ་ཨུ་རུ་སུར་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་རྒྱུ་རྐྱེན་གྱིས་རྒྱལ་སྤྱིའི་སྣུམ་གོང་མུ་མཐུད་འཕར་ཡོད་པ་རེད་ཅེས་བཤད།
༄༅།།རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་སྤར་འདུག