འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་15ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱིས་2022ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་རིག་དངོས་སྲུང་
སྐྱོབ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་15ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་གསར་འགྱུར་དྲ་བར་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་11ཉིན་ནི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”རེད། འདི་ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“རིག་དངོས་སྲུང་སྐྱོབ་བྱས་ནས་དུས་རབས་དང་མཉམ་དུ་འགྲོགས་པ་དང་མི་དམངས་ཀྱི་མཉམ་སྤྱོད་བྱེད”ཅེས་པ་དེ་ཡིན་པ་རེད།
   མཚོ་སྔོན་ཞིང་ཆེན་རིག་དངོས་ཅུས་ཀྱིས་རིག་དངོས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་ཙུའི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་ཚོགས་འདུ་འཚོགས་ནས་རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ཏེ། སྤྱི་ཚོགས་ཡོངས་ཀྱིས་ལོ་རྒྱུས་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་། རིག་དངོས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་ལ་བགྲོ་གླེང་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་བ་མ་ཟད། མཚོ་སྔོན་ཞིང་ཨུད་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྲུང་ཁྲིམས་ལུགས་ཁྱབ་གདལ་མཐུན་སྦྱོར་ཚོགས་ཆུང་དང་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་དང་མཉམ་དུ་རིག་དངོས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དང་། ལྕགས་རི་རིང་པོ་སྲུང་སྐྱོང་སྲོལ་ཡིག རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ། རྟེན་རྫས་བཤམས་མཛོད་ཁང་གི་སྲོལ་ཡིག དེ་བཞིན་མཚོ་སྔོན་ཞིང་ཆེན་རིག་དངོས་ཐོན་ཁུངས་ཀྱི་གནས་ཚུལ་མདོར་བསྡུས་སོགས་འབྲེལ་ཡོད་ཤེས་བྱའི་དྲི་བ་དྲིས་ལན་གྱི་འགྲན་བསྡུར་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད་གླེང་ཕྱོགས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་པ་རེད།