འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་14ཉིན།

༄༅།།ཡུལ་འདི་རུ་རི་སྐྱེས་སྲོག་ཆགས་རི་ཞུམ་གནས་ཡོད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་14ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱིས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་ཆབས་ཅིག་རང་རྒྱལ་དུ་རྩ་ཆེ་བའི་སྲུང་སྐྱོབ་སྲོག་ཆགས་ཀྱི་རིགས་རིམ་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ཡོད། མཛེས་སྡུག་ལྡན་པའི་སྣོད་བཅུད་ཁྱིམ་གཞིས་ནང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་ཡོད།
     ཉེ་ཆར། ཅང་ཞི་ལུའུ་ཧྲན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལས་དོན་མི་སྣས་ཕྱི་རོལ་གྱི་དམར་ཕྱིའི་པར་ཆས་ཀྱི་དཔྱད་གཞི་ལེགས་སྒྲིག་བྱེད་སྐབས། ལུའུ་ཧྲན་བྱང་འདབས་སུ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་རི་ཞུམ་གྱི་བྱེད་སྒོ་སྤེལ་ཡུལ་ཐེངས་དང་པོར་ཤེས་རྟོགས་བྱུང་། རི་ཞུམ་གྱི་བྱེད་སྒོ་སྤེལ་ཡུལ་ནི་ལུའུ་ཧྲན་རི་བོའི་ཤར་ལྷོ་ནུབ་བྱང་གི་ཕྱོགས་སུ་ཁྱོན་ཡོངས་ནས་ཁྱབ་ཡོད་པ་རེད།
     དུས་ཡུན་ཧ་ལམ་སྐར་ཆ་25ཙམ་གྱི་ཕྱི་རོལ་གྱི་དམར་ཕྱིའི་པར་ཆས་ཀྱི་ལྟ་སྐུལ་ཚོད་འཛིན་བརྙན་ལམ་ཐོག་ནས་མངོན་པར། ཟླ་5ཚེས་17ཉིན་གྱི་དགོང་མོར། རི་ཞུམ་དར་མ་ཞིག་མཚན་མོར་ལུའུ་ཧྲན་གྱི་བྱང་འདབས་སུ་འགུལ་སྐྱོད་བྱེད་ཀྱི་ཡོད་པ་དང་ཁྲ་ཐིག་གསལ་པོ་མཐོང་རྒྱུ་ཡོད། དེས་རྣམ་རིག་བཀྲ་བའི་སྒོ་ནས་དམར་ཕྱིའི་པར་ཆས་ལ་ཧ་ལམ་སྐར་ཆ་8ལ་ལྟ་ཞིབ་བྱས་ཤིང་། བརྒྱུད་རིམ་ཧྲིལ་བོར་དོགས་ཟོན་བྱས་ཡོད།
     ད་ལོ་ནས་བཟུང་། ལུའུ་ཧྲན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་ཁོངས་གཏོགས་ཁུལ་དུ་དྲ་མིག་ཅན་གྱི་དམར་ཕྱིའི་པར་ཆས་64བཙུགས་ནས། རི་སྐྱེས་སྲོག་ཆགས་དང་དེ་བཞིན་དེའི་འཚོ་སྡོད་ཁུལ་གྱི་གནས་ཚུལ་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་རེད། རི་ཞུམ་གྱི་བྱེད་སྒོ་སྤེལ་ཁྱོན་ཆེ་རུ་ཕྱིན་པ་དེའི་ཐོག་ནས་རི་བོ་ལུའུ་ཧྲན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ་དང་། རི་སྐྱེས་ཐོན་ཁུངས་ཀྱི་རིགས་ཚོགས་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་མཚོན་ཡོད།