འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་14ཉིན།

༄༅།།ཏ་ལེན་གྲོང་ཁྱེར་གྱིས་སྲིད་ཇུས་བྱ་ཐབས་ཁག་30ཙམ་བཏོན་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་14ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཏ་ལེན་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཏ་ལེན་གྲོང་ཁྱེར་གྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱེད་པའི་རྨང་གཞིའི་ཐོག《ཏ་ལེན་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱ་ཐབས》(གཤམ་དུ“《སྲིད་ཇུས་བྱ་ཐབས》”ཞེས་བསྡུ་རྒྱུ)གསར་དུ་བཏོན་ཏེ་སློབ་ཐོན་སློབ་མ་ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། སློབ་ཐོན་སློབ་མའི་ལས་ཞུགས་བྱེད་ནུས་ཆེ་རུ་གཏོང་བ། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱ་རྒྱུར་སྐུལ་ལྕག་བྱེད་པ། སློབ་ཐོན་སློབ་མའི་འཚོ་བའི་འགན་སྲུང་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཐད་ནས་སྲིད་ཇུས་བྱ་ཐབས་30ཙམ་བཏོན་ཡོད་པ་རེད།
     《སྲིད་ཇུས་བྱ་ཐབས》ནང་ད་དུང་ལས་རིགས་སློབ་གླིང་དང་སློབ་གྲྭས་རྩལ་ནུས་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་སྐུལ་ལྕག་དང་སློབ་ཐོན་ལོ་འཁོར་གྱི་མཐོ་སློབ་སློབ་ཐོན་སློབ་མ་རིན་མེད་ངང་ལས་གཏོད་གསོ་སྦྱོང་ནང་ཞུགས་ཆོག་པ་སོགས་སློབ་ཐོན་སློབ་མའི་ལས་ཞུགས་འཇོན་ཐང་ཆེ་རུ་གཏོང་བའི་བྱ་ཐབས་སོགས་འདོན་ཡོད་པ་དང་། མཐོ་སློབ་སློབ་ཐོན་སློབ་མའི་སྡོད(ཉོ་སྒྲུབ)ཁང་གི་ཁ་གསབ་དང་དཀའ་ངལ་ཡོད་པའི་སློབ་ཐོན་སློབ་མའི་སྤྱི་ཚོགས་འགན་བཅོལ་ཁ་གསབ་སོགས་འཚོ་བའི་འགན་སྲུང་བྱེད་དགོས་ཞེས་བཏོན་ཡོད།