འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་14ཉིན།

༄༅།།སྟག་མོ་འདི་ལ་སྟག་ཕྲུག་བཞི་སྐྱེས་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་14ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྟག་མོ་འདི་ལ་སྟག་ཕྲུག་བཞི་སྐྱེས་འདུག
   མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཧེ་ལུང་ཅང་ཞིང་ཆེན་མུའུ་ཏན་ཅང་ཧའེ་ལིན་གྲོང་ཁྱེར་ཧེང་ཏའོ་ཧོ་ཙིའི་བྱང་ཤར་སྟག་གསོ་རའི་སྟག་ཁང་དུ་བྱང་ཤར་སྟག་མོ་ལོ་17ཅན་ཞིག་ལ་སྟག་ཕྲུག་བཞི་སྟེ་སྟག་མོ་3དང་སྟག་ཕོ་1སྐྱེས་ཡོད་པ་རེད། སྟག་མོ་འདིར་དེ་སྔོན་སྟག་ཕྲུག་མཚེ་མ་ཐེངས་མང་སྐྱེས་མྱོང་ཡོད་པ་རེད།
   ཟླ་5པ་ཤར་ཚུན། ཧེང་ཏའོ་ཧོ་ཙིའི་བྱང་ཤར་སྟག་གསོ་རར་སྟག་ཕྲུག་བཙའ་བའི་དུས་ལ་སླེབས་ཤིང་། མིག་སྔའི་བར་སྔ་རྗེས་སུ་སྟག་ཕྲུག་23སྐྱེས་ཚར་ཡོད། བྱང་ཤར་སྟག་མོ་ལ་ལར་སྟག་ཕྲུག་གསོ་བ་དང་ནུ་མ་སྟེར་བའི་ཉམས་མྱོང་མེད་པས་སྟག་ཕྲུག་དེ་དག་ནི་ཕྱུགས་གསོ་མཁན་ཚོས་གསོ་རོགས་བྱེད་དགོས།
   ཧེང་ཏའོ་ཧོ་ཙི་བྱང་ཤར་སྟག་གསོ་ར་ནི་མིག་སྔར་འཛམ་གླིང་ཐོག་མིའི་ཐབས་ཀྱིས་བྱང་ཤར་སྟག་གསོ་ཚགས་བྱེད་ས་ཆེས་ཆེ་བ་སྟེ། ཀྲུང་གོའི་ཧེང་ཏའོ་ཧོ་ཙིའི་བྱི་ལ་ཚན་ཁག་གི་སྲོག་ཆགས་གསོ་ཚགས་དང་གསོ་སྤེལ་ལྟེ་གནས་ཀྱི་གསོ་ཚགས་བྱེད་ས་གཙོ་བོ་དེ་ཡིན། ཞི་ལའི་ཚན་ཁག་གི་ལྟེ་བ་1986ལོར་བཙུགས་པ་ནས་བཟུང་། ཐོག་མའི་བྱང་ཤར་སྟག་20ནས་རྒྱུད་སྤེལ་བྱས་ཚུན་ད་བར་དུ་ཧ་ཨར་པིན་དང་། ཧེང་ཏའོ་ཧོ་ཙི། ཧྲེན་དབྱང་བཅས་བྱང་ཤར་སྟག་གསོ་ར་གསུམ་དུ་བྱང་ཤར་སྟག་མགོ་གྲངས་1000ལས་བརྒལ་ཡོད་པ་དང་། ཧེང་ཏའོ་ཤར་བྱང་སྟག་གསོ་ར་གཅིག་པུར་སྟག་མགོ་གྲངས་400ཙམ་ཟིན་ཡོད།
༄༅།།སྟག་མོ་འདི་ལ་སྟག་ཕྲུག་བཞི་སྐྱེས་འདུག