འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་14ཉིན།

༄༅།།དགུ་ཚིགས་ཀྱི་རྩ་མང་ས་ཁྲ་འདི་བསྒྲགས་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་14ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།དགུ་ཚིགས་ཀྱི་རྩ་མང་ས་ཁྲ་འདི་བསྒྲགས་འདུག
   མི་དམངས་དྲ་བའི་འཕྲིན། ཚེས་13ཉིན། ཡོ་རོབ་མཁའ་སྐྱོད་ཅུས་ཀྱིས“ཀའེ་ཡ”བར་སྟོང་འཚོལ་ཞིབ་ཐིག་ལེན་ཡོ་བྱད་ལ་བརྟེན་ནས་བྲིས་པའི་དགུ་ཚིགས་ཁྱིམ་རྒྱུད་ཀྱི་རྩ་མང་ས་ཁྲ་ཁྱབ་བསྒྲགས་བྱས་པ་རེད། འདི་ནི་ཡོ་རོབ་མཁའ་སྐྱོད་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཁག་གསུམ་པའི་དགུ་ཚིགས་ཁྱིམ་རྒྱུད་ལ་འཚོལ་ཞིབ་བྱས་པའི་གཞི་གྲངས་ཡིན་ལ། ད་ལྟའི་བར་ཆེས་ཞིབ་ཅིང་ཕྲ་བའི་དགུ་ཚིགས་ཁྱིམ་རྒྱུད་ཀྱི་རི་མོ་དེ་རེད།
“ཀའེ་ཡ”བར་སྟོང་འཚོལ་ཞིབ་ཐིག་ལེན་ཡོ་བྱད་ཀྱིས་དགུ་ཚིགས་ཁྱིམ་རྒྱུད་ནང་གི་བརྟན་སྐར་ཁྲི་བརྒྱ་ལྷག་ལ་ཚད་མཐོའི་ཞིབ་ཚད་ཀྱི་ལྟ་དཔྱད་བྱས་ཏེ། ལྐོག་གྱུར་མངོན་མེད་དངོས་རྫས་དང་མངོན་མེད་ནུས་ཚད་ཀྱི་ཁུངས་སྣེ་འཚོལ་བར་སྟབས་བདེ་བསྐྲུན་ཡོད།
   ཡོ་རོབ་མཁའ་སྐྱོད་ཅུས་ཀྱི་གསར་འགྱུར་སྤྱི་བསྒྲགས་ནང་། ད་ཐེངས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ནང“ཀའེ་ཡ”ཡིས་བསྡུ་རུབ་བྱས་པའི་བརྟན་སྐར་དུང་ཕྱུར་20ཙམ་གྱི་གཞི་གྲངས་གསར་ཤོས་ཚུད་ཡོད་པ་དང་། དེའི་རྫས་འགྱུར་གྲུབ་ཆ་དང་། དྲོད་ཚད། ཚོན་མདོག སྤུས་ཚད། ལོ་ཚད། དེ་བཞིན་ཚངས་ཕྱོགས་མྱུར་ཚད་བཅས་ཚུད་ཡོད་པ་སྟེ། དེ་ནི་བརྟན་སྐར་དང་ང་ཚོའི་བར་ཐག་ཉེ་པོ་ཡོད་པའམ་ཡང་ན་དེ་ལས་རིང་བའི་མྱུར་ཚད་ཡིན།
   ད་ཐེངས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་པའི་ནང་ད་དུང་དགུ་ཚིགས་ཁྱིམ་རྒྱུད་ཀྱི་ཟུང་སྐར་མ་ལག་ཁྲི་80ལྷག་ཙམ་དང་དེ་བཞིན་རྒྱུ་སྐར་ཆུང་གྲས་ཁྲི་15.6སོགས་ཉི་མའི་ཁྱིམ་རྒྱུད་ནང་གི་སྐར་མའི་གོ་ལའི་ཆ་འཕྲིན་ཚུད་ཡོད་པ་མ་ཟད། ད་དུང་དགུ་ཚིགས་ཁྱིམ་རྒྱུད་ཕུད་པའི་སྐར་མའི་མ་ལག་ཁྲི་290དང་སྐར་གཟུགས་ཁྲི་190ཙམ་གྱི་ཆ་འཕྲིན་ཡང་ཚུད་ཡོད་པ་རེད།
   “ཀའེ་ཡ”འཚོལ་ཞིབ་ཡོ་བྱད་དེ་2013ལོའི་ཟླ་12པར་མཁའ་དབྱིངས་སུ་བསྐྱོད་པ་དང་། ཕྱི་ལོའི་ཟླ་7པར་ཚན་རིག་དང་མཐུན་པའི་ལྟ་ཞིབ་ཚད་ལེན་ནང་དངོས་སུ་ཞུགས་ཡོད། དེས་མུ་མཐུད་དུ་2025ལོར་འབར་རྫས་རྫོགས་རགས་བར་ནམ་མཁའ་ལ་བཤེར་འབེབས་བྱ་རྒྱུ་རེད།