འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་13ཉིན།

༄༅།།མཚོ་སྔོན་གྱིས་སྡེ་ཁུལ་ཨུ་ཡོན་ལྷན་ཁང་གི་གཞི་རྩའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་མཐིལ་
རྟོགས་བརྟག་ཞིབ་བྱེད་རྩིས་ཡོད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་13ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཀྲུང་དབྱང་རླུང་འཕྲིན་དྲ་བ་ཟི་ལིང་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར་ཐིང་དེས་བརྡ་ཐོ་བཀྲམ་སྟེ་མཚོ་སྔོན་ཞིང་ཆེན་གྱི་ཁྱབ་ཁོངས་སུ་སྡེ་ཁུལ་ཨུ་ཡོན་ལྷན་ཁང་གི་གཞི་རྩའི་གནས་ཚུལ་མཐིལ་རྟོགས་བརྟག་ཞིབ་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་རྩིས་ཡོད་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མཐིལ་རྟོགས་བརྟག་ཞིབ་ལ་གཙོ་བོ་ཚོགས་སྤྱི་གསུམ་ལ་དམིགས་པ་དང་། གཙོ་གནད་གསུམ་མངོན་གསལ་དོད་པོ། ཟུང་འབྲེལ་གསུམ་ལ་མཐོང་ཆེན་སོགས་ཀྱི་ཐད་ནས་ལས་དོན་གཏིང་ཟབ་སྤེལ་རྒྱུ་ཡིན་པ་སྟེ། གཅིག་ནས་ཚོགས་སྤྱི་གསུམ་ལ་དོ་ཁུར་བྱེད་རྒྱུ་ཡིན་ཞིང་། ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ལས་དོན་གྱི་གནས་ཚུལ་ལ་དམིགས་ཏེ་མཐིལ་རྟོགས་བརྟག་ཞིབ་བྱས་ནས་ན་སོ་དར་ལ་མ་བབས་པའི་མིར་གཅེས་སྐྱོང་ཡག་པོ་དང་། རིགས་ཁག་གི་དབང་པོ་སྐྱོན་ཅན་གྱི་འཚོ་གནས་འཕེལ་རྒྱས་ལ་འཕྲད་པའི་མངོན་གསལ་དོད་པའི་དཀའ་གནད་ལ་དམིགས་ཏེ་མཐིལ་རྟོགས་བརྟག་ཞིབ་བྱས་ནས། དབང་པོ་སྐྱོན་ཅན་ལ་གཅེས་སྐྱོང་ཡག་པོ་བྱེད་པ་དང་། གཉིས་ནས་གཙོ་གནད་གསུམ་མངོན་གསལ་དོད་པོ་ཡོང་བར་བྱེད་རྒྱུ་ཡིན་ཞིང་། སྡེ་ཁུལ་གྱི་ཞབས་འདེགས་ཞུ་ནུས་འཛུགས་སྐྱོང་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་སྡེ་ཁུལ་གྱི་རྩ་འཛུགས་མ་ལག་དང་། མི་སྣའི་གྲུབ་ཆ། ཞབས་ཞུའི་ལས་དོན་སོགས་ཀྱི་གཞི་རྩའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་བརྟག་ཞིབ་མཐིལ་རྟོགས་བྱེད་པ་དང་། སྡེ་ཁུལ་གྱི་རྩ་འཛུགས་གཞི་རིམ་བཅོས་སྐྱོང་ལ་ཞུགས་པ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་གཞི་རིམ་གྱི་སྤྱི་ཕན་རང་བཞིན་དང་། ཞབས་ཞུའི་རང་བཞིན། རོགས་རེས་ཀྱི་རང་བཞིན་བཅས་ཀྱི་སྤྱི་ཚོགས་རྩ་འཛུགས་སྐྱེད་སྲིང་གི་འཕེལ་རྒྱས་གནས་ཚུལ་ལ་ཕྱོགས་ཡོངས་ནས་བརྟག་ཞིབ་མཐིལ་རྟོགས་བྱེད་པ། དང་བླངས་པའི་ཞབས་ཞུའི་རྩ་འཛུགས(དང་བླངས་པ)སྡེ་ཁུལ་གྱི་ཞབས་འདེགས་ལ་ཞུགས་པ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། དང་བླངས་ཞབས་ཞུའི་ས་ཚིགས་འཛུགས་པ་དང་དང་བླངས་ཞབས་ཞུའི་ལས་དོན་སྤེལ་པའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་བརྟག་ཞིབ་མཐིལ་རྟོགས་བྱེད་པ། གསུམ་ནས་ཟུང་འབྲེལ་གསུམ་ལ་མཐོང་ཆེན་བྱེད་རྒྱུ་ཡིན་ཞིང་། བརྟག་ཞིབ་མཐིལ་རྟོགས་བྱེད་པ། “སྡེ་ཁུལ་གྱི་ཡོངས་ཁྱབ་ཐེལ་ཙེ”བཅོས་སྒྲིག་ཆེད་དོན་བྱ་སྤྱོད་ཀྱི་ཕྱོགས་སྡོམ་ལས་དོན་དང་ཟུང་འབྲེལ་བྱས་ཏེ། སྡེ་ཁུལ་གྱིས་ངོ་སྤྲོད་བྱེད་པའི་ལས་དོན་གྱི་གནས་ཚུལ་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱེད་པ་དང་། བརྟག་ཞིབ་མཐིལ་རྟོགས་བྱེད་པ་སྤྱི་པའི་ཞབས་འདེགས་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། སྡེ་ཁུལ་གྱི་ཚབ་སྒྲུབ་སྤྱི་པའི་ཞབས་ཞུའི་རིགས་ཀྱི་གྲངས་འབོར་ཁོང་དུ་ཡང་དག་ཆུད་པར་བྱེད་པ། བརྟག་ཞིབ་མཐིལ་རྟོགས་བྱེད་པ་རིག་ནུས་སྡེ་ཁུལ་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ། རིག་ནུས་སྡེ་ཁུལ་འཛུགས་པའི་ད་ཡོད་གནས་ཚུལ་དང་དགོས་མཁོ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱེད་པ་བཅས་རེད།