འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་10ཉིན།

༄༅།།ཀྲུང་གོའི་གནམ་མིག་གིས་འདི་ཐོག་མར་ཤེས་ཡོད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་10ཉིན། 15:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀྲུང་གོའི་གནམ་མིག་གིས་འདི་ཐོག་མར་ཤེས་ཡོད།
    མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་9ཉིན་གནས་ཚུལ་སྤེལ་བར་གཞིགས་ན། “ཀྲུང་གོའི་གནམ་མིག”གི་དབུ་བཞུགས་ཚན་རིག་མཁས་ཅན་ཞིབ་འཇུག་པ་ལི་ཏིས་འགོ་ཁྲིད་བྱས་པའི་རྒྱལ་སྤྱིའི་ཚོགས་པས“ཀྲུང་གོའི་གནམ་མིག”གི“ཚན་རིག་དམིགས་ཡུལ་མང་པོས་དུས་མཚུངས་སུ་བར་སྣང་སྐོར་བའི་”(CRAFTS)སྔོན་ལ་ལག་བསྟར་བྱེད་པའི་རྣམ་གྲངས་གལ་ཆེན་གྱིས་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། ད་བར་རྒྱུན་མཐུད་ངང་འཁྲུག་ཆ་དོད་པའི་གློག་གཏུམ་ཨང་གྲངས་“FRB202020520B”དེ་ཤེས་རྟོགས་བྱུང་བ་རེད། ཞིབ་འཇུག་གྲུབ་འབྲས་སྐོར་གྱི་དཔྱད་རྩོམ་དེ་པེ་ཅིང་གི་དུས་ཚོད་ཟླ་6ཚེས་8ཉིན་གྱི་མཚན་མོར་རྒྱལ་སྤྱིའི་རིག་གཞུང་དུས་དེབ་གྲགས་ཅན་《རང་བྱུང》གི་དྲ་ཐོག་ཏུ་སྤེལ་ཡོད།