འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་6ཉིན།

༄༅།།ཡུལ་འདིར་ལོ་ངོ་སྟོང་གི་གནའ་བོའི་ཚྭ་ཞིང་3000ལྷག་ཙམ་ཡོད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་06ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ལྕགས་རྟ་གྲོང་ཚོའི་གནའ་བོའི་ཚྭ་ཞིང་།
ལྕགས་རྟ་གྲོང་ཚོའི་གནའ་བོའི་ཚྭ་ཞིང་།  
     མི་དམངས་དྲ་བའི་འཕྲིན། ལྕགས་རྟ་གྲོང་ཚོ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་གི་རྫ་ཆུའི་འགྲམ་དུ་གནས་པ་དང་། གྲོང་ཚོའི་ནང་ད་བར་ལོ་ངོ་སྟོང་གི་གནའ་བོའི་ཚྭ་ཞིང་3000ལྷག་ཙམ་ཉར་ཚགས་བྱས་ཡོད། ཚྭ་ཞིང་ནི་རྫ་ཆུའི་ངོགས་གཉིས་སུ་རི་ལ་བརྟེན་ནས་བསྐྲུན་པ་དང་། ཤིང་གི་ཀ་བ་མང་པོས་སྐྱོར་མ་བྱས་པ་དང་སྒྲོམ་ཐོག་ཆུ་སིམ་རང་བཞིན་ཆེ་བའི་འདམ་བག་གིས་ངོས་སྙོམས་པོ་བྱས་ནས་བརྟན་པོ་བྱས་ཡོད།
     ས་གནས་དེ་གའི་གྲོང་མིས་སྔར་བཞིན་གདོད་མའི་ལག་ཐབས་ཀྱི་ཚྭ་སྐམ་སྟངས་སྲུང་འཛིན་བྱས་ཡོད་པ་དང་། ཁོང་ཚོས་རྫ་ཆུའི་འགྲམ་གྱི་ཚྭ་ཁྲོན་དང་ཚྭ་རྫིང་ནས་ཚྭ་སྦྱངས་ཆུ་བླངས་ཏེ་ཚྭ་ཞིང་ནང་ལྡུགས་པ་དང་། ཉི་སྐམ་དང་རླུང་སྐམ་བྱས་པས་ཉིང་བཅུད་ཚྭ་རུ་གྱུར་ཡོད། གནའ་བོའི་ལག་རྩལ་དེ་ལྕགས་རྟ་གྲོང་ཚོར་ལོ་1300ལྷག་ཙམ་ལ་རྒྱུན་མཐུད་བྱས་ཡོད།
ས་གནས་དེ་གའི་སྲིད་གཞུང་གིས་ལོ་ངོ་སྟོང་གི་གནའ་བོའི་ཚྭ་ཞིང་ལ་བརྟེན་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་ཡོད། ཡུལ་སྐོར་བ་མང་པོ་ཡུལ་དེར་ལྟ་སྐོར་དུ་སླེབས་ལ། ཡུལ་སྐོར་ལྗོངས་རྒྱུར་བརྟེན་ནས་ཕྱུག་པོར་ཆགས་པའི་ལྕགས་རྟ་གྲོང་ཚོར་འགྱུར་ལྡོག་གསར་པ་བྱུང་ཡོད།  
【1】  【2】  【3】  【4】
ལྕགས་རྟ་གྲོང་ཚོའི་གནའ་བོའི་ཚྭ་ཞིང་།
ལྕགས་རྟ་གྲོང་ཚོའི་གནའ་བོའི་ཚྭ་ཞིང་།