འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་6ཉིན།

༄༅།།བདེ་ཆེན་ཀྲོའུ་ཡི་ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2.71ཟིན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་06ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཡུན་ནན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་ཕན་ལོ་ཤས་རིང་བདེ་ཆེན་ཀྲོའུ་ཡིས་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། རྨོ་བསྐྱུར་ནགས་གསོ། ཕྱུགས་བཀག་རྩྭ་གསོ་སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ལག་བསྟར་ནན་ཏན་བྱས་ཏེ། ཀྲོའུ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ནས་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་180ཟིན་པ་དང་ནགས་ཚལ་ཁྱབ་ཚད་1998ལོའི་65.4%ནས་ད་ཆའི་77.63%བར་འཕར་བ་དང་། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2.71ཟིན་ནས་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་རྒྱ་ཁྱོན་གྱི་བསྡུར་ཚད་བཟུང་ཚད་ཆེ་ཤོས་དང་འཕར་ཚད་མྱུར་ཤོས་ཀྱི་ས་ཁུལ་གྲས་ཤིག་ཏུ་གྱུར་བ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། བདེ་ཆེན་ཀྲོའུ་ཡིས་མི་སྣ་ཡོངས་སྐུལ་སློང་དང་། དམངས་ཡོངས་ཀྱིས་བྱ་སྤྱོད་སྤེལ་བ། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པ་བཅས་མཐའ་འཁྱོངས་བྱས་ཏེ་སྒྲིག་འཛུགས་ངང་སྐུལ་སློང་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་ལམ་སྲོལ་གསར་གཏོད་བྱེད་པ། དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས། སྤྱི་ཚོགས་ཡོངས་འོས་འགན་ཤིང་འཛུགས་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྔར་བས་འཕེལ་བར་བྱས་ཡོད། སྔོ་ལྗང་དང་མཛེས་སྡུག་ལྡན་པའི་བདེ་ཆེན་གྱི་འཆར་འགོད་མ་ལག་འཛུགས་སྐྲུན་ལ་སྤྱི་འདོམས་ཡག་པོ་བྱས་ཏེ། གདེང་འཇོག་དང་དམིགས་ཚད་མ་ལག་ཚན་རིག་དང་མཐུན་པར་བཟོས་པ་དང་ལས་ཁུངས་དང་ཏང་ཡོན་ལས་བྱེད་པའི་དཔེ་སྟོན་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་དུ་སོང་ཡོད། གྲོང་ཁྱེར་དང་གྲོང་གསེབ་སྔོ་འགྱུར་མཛེས་བཟོའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི“འགྲམ་བཞིར”ཤིང་འཛུགས་དང་སྒོ་ར་སྔོ་འགྱུར་བྱེད་པར་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སྒྱུར་རིམ་སྤོར་བྱས་པ་རེད།