འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་2ཉིན།

༄༅།།སི་ཁྲོན་ལུའུ་ཧྲན་དུ་ས་ཡོམ་རིམ་པ་6.1བྱུང་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་02ཉིན། 11:59】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ས་ཡོམ་ལས་ཁུངས་ཀྱིས་དངོས་སུ་ཚད་ལེན་བྱས་པར་གཞིགས་ན། ཟླ་6ཚེས་1ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5ཡི་ཐོག་སི་ཁྲོན་གཡག་རྔ་གྲོང་ཁྱེར་ལུའུ་ཧྲན་རྫོང་དུ་ས་ཡོམ་རིམ་པ་6.1བྱུང་ཞིང་། ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི་17ཡིན་པ་རེད། 
     ཟླ་6ཚེས་1ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5དང་སྐར་མ་3གྱི་ཐོག་སི་ཁྲོན་གཡག་རྔ་གྲོང་ཁྱེར་པའོ་ཞིན་རྫོང་དུ་ས་ཡོམ་རིམ་པ་4.5བྱུང་ཞིང་། ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི་18ཡིན་པ་རེད། 
     སི་ཁྲོན་ཁྲེང་ཏུའུ་དང་ཁྲུང་ཆིང་སོགས་སུ་ཡོམ་ཚོར་མངོན་གསལ་དོད་པོ་བྱུང་ཡོད་པ་རེད།