འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་1ཉིན།

༄༅།།ཝང་ཞའོ་ཧུའེ་ཀྲུང་གུང་སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅིར་བདམས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་01ཉིན། 12:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་30ཉིན། ཀྲུང་གུང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཝང་ཞའོ་ཧུའེ་ཞིང་ཨུད་ཀྱི་ཧྲུའུ་ཅིར་བདམས་པ་དང་། ཧོང་ཆང་དང་ལུའོ་ཝུན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པར་བདམས་པ། ལེའོ་ཅན་ཡུས་དང་། ཧྲེ་ཞའོ་ལིན(བུད་མེད) ཡུས་ལི་ཅུན། ལི་ཡུན་ཙེ། ཐན་ཞའོ་ཝེ། ཚའོ་ལི་ཅུན། ཁྲེན་ཝེ། ཀྲའོ་ཅུན་མིན། ཅིན་ལེ། ཀྲན་ལི(བུད་མེད)བཅས་ཞིང་ཨུད་ཀྱི་རྒྱུན་ཨུར་བདམས་པ་རེད། ཀྲུང་གུང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ལེའོ་ཅན་ཡུས་ཞིང་ཆེན་སྒྲིག་ཨུད་ཀྱི་ཧྲུའུ་ཅིར་བདམས་པ་དང་། ཀྲང་ཏུང་ཡུན་དང་། ཞུང་ཡན། ཀྲའོ་ཀྲེང་ཝུན། ཁའེ་ཞོན་བཅས་ཞིང་ཆེན་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པར་བདམས་པ་རེད།