འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་30ཉིན།

༄༅།།ཆོས་དབྱིངས་སྐྱིད་ཀྱིས་གཟའ་འཁོར་ལྔའི་ནང་ཨང་དང་པོ་གསུམ་བླངས་ཡོད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་30ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཆོས་དབྱིངས་སྐྱིད་ཀྱིས་གཟའ་འཁོར་ལྔའི་ནང་ཨང་དང་པོ་གསུམ་བླངས་ཡོད།
   མི་དམངས་དྲ་བའི་འཕྲིན། ཚེས་29ཉིན། འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ཕྱོགས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་28ཉིན་གྱི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་འགྲོ་རྩལ་འགྲན་བསྡུར་གྱི་སྐོར་སྐྱོད་འགྲན་བསྡུར་གྱི་སི་ཕེན་གྱི་ལ་ཁོ་ལུའུ་ཉི་ཡ་ས་ཚིགས་ཀྱི་འགྲན་བསྡུར་ཁྲོད །ཀྲུང་གོའི་འགྲོ་རྩལ་འགྲན་བསྡུར་གྱི་གྲགས་ཅན་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་བུད་མེད་ཀྱི་སྤྱི་ལེ་20ཡི་འགྲན་བསྡུར་རྣམ་གྲངས་ནང་ཡང་ཨང་དང་པོ་ཐོབ་པས། གཟའ་འཁོར་ལྔའི་ནང་ཨང་དང་པོ་ཐེངས་གསུམ་བླངས་ཡོད་པ་རེད།
ཉིན་དེའི་འགྲན་བསྡུར་ནང་ཆོས་དབྱིངས་སྐྱིད་ཀྱི་རྣམ་པ་ཧ་ཅང་བཟང་ཞིང། ཁོ་མོ་སྤྱི་ལེ་བརྒྱད་ནས་བཟུང་སྔོན་ལ་སླེབས་པ་དང་། དེ་ནས་བཟུང་ཁོང་གིས་འགྲན་ཟླ་གཞན་དག་ལ་བསྙེགས་བརྒལ་གྱི་གོ་སྐབས་སྤྲད་མེད་ཅིང་། མཐར་ཆུ་ཚོད་1དང་སྐར་མ་27དང་སྐར་ཆ་50ཡི་གྲུབ་འབྲས་ཐོག་ནས་ཨང་དང་པོ་ཐོབ་པ་རེད།
   ཕེ་རུའི་བདམས་ཐོན་པ་ཅ་ཞི་ཡས་ཆུ་ཚོད་1དང་སྐར་མ་28དང་སྐར་ཆ་38ཀྱི་གྲུབ་འབྲས་ཐོག་ནས་ཨང་གཉིས་པ་བླངས་པ་དང་།སི་ཕེན་གྱི་བདམས་ཐོན་པ་ཕེ་ལུའེ་སིས་ཆུ་ཚོད་1དང་སྐར་མ་29སྐར་ཆ་33གྱི་ཐོག་ནས་ཨང་གསུམ་པ་ཐོབ་ཡོད།གཞན་ཡང་ཀྲུང་གོའི་བདམས་ཐོན་པ་ཀླུ་མོ་མཚོ་དང་ཅི་ཧའེ་དབྱིང་གཉིས་ལ་ཨང་ལྔ་པ་དང་དྲུག་པ་སོ་སོ་ཐོབ་ཡོད་པ་རེད།
   ད་ཐེངས་ཀྱི་འགྲན་བསྡུར་བརྩིས་ན། ལོ་31ལ་སླེབས་པའི་ཆོས་དབྱིངས་སྐྱིད་ལ་གཟའ་འཁོར་ལྔའི་ནང་ཨང་དང་པོ་ཐེངས་མ་གསུམ་ཐོབ་པ་མ་ཟད། འགྲན་བསྡུར་ཐེངས་གསུམ་ལ་རྒྱལ་ཁ་ཐོབ་པ་སོ་སོ་ནི་བར་ཐག་མི་འདྲ་བའི་འགྲན་བསྡུར་རྣམ་གྲངས་གསུམ་ནས་ཐོབ་པ་ཞིག་རེད། ཟླ་4ཚེས་23ཉིན་འགྲོ་རྩལ་འགྲན་བསྡུར་གྱི་སི་ལོ་ཝ་ཁེ་ཏུའུ་ཏིང་བབས་ཚུགས་ནུབ་མའི་འགྲན་བསྡུར་ནང་ཁོང་གིས་བུད་མེད་ཀྱི་སྤྱི་ལེ་35འགྲན་བསྡུར་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་བླངས་པ་དང་། ཟླ་5ཚེས་16ཉིན་མ་ཏེ་རིའི་བབས་ཚུགས་ཀྱི་འགྲན་བསྡུར་ནང་ཁོང་ལ་ཡང་སྤྱི་ལེ་10ཡི་འགྲན་བསྡུར་རྣམ་གྲངས་ཀྱི་ཨང་དང་པོ་ཐོབ་ཡོད་པ་རེད།