མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྤྱི་བདེ་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་དང་བྱས་རྗེས་འཇོག་མཁན་མཉམ་
སྡེབ་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གྱི་འཐུས་མིར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་27ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ཟླ་5ཚེས་25ཉིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་ཧུའུ་ཉིང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་ཀྱི་སྤྱི་བདེ་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་དང་བྱས་རྗེས་འཇོག་མཁན་མཉམ་སྡེབ་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གྱི་འཐུས་མིར་མཇལ་འཕྲད་གནང་བ།

འདི་ནི་ཟླ་5ཚེས་25ཉིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་ཧུའུ་ཉིང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་ཀྱི་སྤྱི་བདེ་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་དང་བྱས་རྗེས་འཇོག་མཁན་མཉམ་སྡེབ་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གྱི་འཐུས་མིར་མཇལ་འཕྲད་གནང་བ།

    ལི་ཁེ་ཆང་དང་ཝང་ཧུའུ་ཉིང་མཇལ་འཕྲད་ནང་ཞུགས་པ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་སྤྱི་བདེ་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་དང་བྱས་རྗེས་འཇོག་མཁན་མཉམ་སྡེབ་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཐུས་མི་ཚོར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་། ཁོང་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པར་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་ཝང་ཧུའུ་ཉིང་མཇལ་འཕྲད་ནང་ཞུགས་ཡོད་པ་རེད།
    སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ལ་ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཕེབས་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས། ཞི་ཅིན་ཕིང་སོགས་ཀྱིས་འཐུས་མི་རྣམས་ལ་ཕྱག་གཡུག་གཡུག་གནང་ནས་འཚམས་འདྲི་གནང་བ་དང་། ཚང་མ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་མ་ཟད། ད་དུང་ལྷན་ཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
    ཀུའོ་ཧྲེང་ཁུན་མཇལ་འཕྲད་ལ་ཞུགས་པ་དང་འབྲེལ་གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པར་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་འདེགས། ཁྲིམས་འཛིན་དྲང་གཞག སྒྲིག་ཁྲིམས་ནན་པོར་སྲུང་དགོས་པ་བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ། དཔའ་བོ་དཔེ་བཟང་གི་སྙིང་སྟོབས་སློབ་སྦྱོང་དང་དར་སྤེལ་གཏོང་བ། ནུས་ཤུགས་ཡོད་རྒུས་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་བསྟན་གནང་བ་རེད།
    ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་དཔེ་བཟང་སྤྱི་བདེའི་ཚན་པར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་དང་། རྒྱལ་ཡོངས་ཀྱི་དམིགས་བསལ་རིམ་པའི་ཕུལ་བྱུང་མི་དམངས་ཉེན་རྟོག་པར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་སྤྱི་བདེ་པུའི་གཏན་འབེབས། རྒྱལ་ཡོངས་སྤྱི་བདེ་ཁོངས་གཏོགས་ཀྱི་ཕུལ་བྱུང་ཚན་པའི་ཕུལ་བྱུང་མི་དམངས་ཉེན་རྟོག་པ་དང་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དམངས་གཅེས་དཔེ་བཟང་བར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་སྤྱི་བདེ་པུའི་བཀའ་རྒྱ་བཅས་སྒྲོག་སྦྱངས་བྱས་པ་དང་འབྲེལ། གཟེངས་བསྟོད་ཐོབ་པའི་མཉམ་སྡེབ་དང་མི་སྒེར་གྱི་འཐུས་མིར་གཟེངས་བསྟོད་ལག་ཁྱེར་ཡང་སྤྲད་པ་རེད། རྒྱལ་ཡོངས་སྤྱི་བདེ་ཁོངས་གཏོགས་ཀྱི་སྔོན་ཐོན་ཚན་པ་982དང་སྔོན་ཐོན་མི་སྒེར་1485ལ་གཟེངས་བསྟོད་ཐོབ་ཡོད། རྒྱལ་ཡོངས་ཀྱི་དཔེ་བཟང་སྤྱི་བདེའི་ཚན་པའི་འཐུས་མི་པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུས་ཧྥང་ཧྲན་ཡན་ལག་ཅུས་ཅིང་ཀང་ཨའོ་མྱུར་བགྲོད་ཏོའུ་ཏེན་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་ཀྲེན་ཀྲང་ཀྲང་ཁུའུ་དང་། རྒྱལ་ཡོངས་ཀྱི་དམིགས་བསལ་རིམ་པའི་ཕུལ་བྱུང་མི་དམངས་ཉེན་རྟོག་པའི་འཐུས་མི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གི་རུ་ཆེན་དྲུག་པའི་རུ་དཔོན་རྒན་པ་ཀའོ་ཀྲན་གྱིས་ཚོཌ་ཆེན་ཐོག་གཏམ་བཤད་སྤེལ་བ་རེད།
    ཏིང་ཞུའེ་ཞང་དང་། ཁྲེན་ཤིས། ཤའོ་ཅེ་བཅས་མཇལ་འཕྲད་ལ་ཞུགས་པ་དང་། ཀྲའོ་ཁེ་ཀྲི་མཇལ་འཕྲད་ལ་ཞུགས་པ་དང་འབྲེལ་ཚོགས་ཆེན་གཙོ་སྐྱོང་ཡང་གནང་བ་རེད།

  
style="display:none;"