འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་25ཉིན།

༄༅།།ཕྱེ་མ་ལེབ་དུང་ཕྱུར་ལྷག་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་25ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཕྱེ་མ་ལེབ་དུང་ཕྱུར་ལྷག་འདུག
   མི་དམངས་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་ཧུང་ཧོ་ཧ་ཉི་རིགས་དབྱིས་རིགས་རང་སྐྱོང་ཁུལ་ཅིན་ཕིང་རྫོང་དུ་གནས་པའི་ཀྲུང་གོ•ཧུང་ཧོ་ཕྱེ་ལེབ་རོང་དུ་རི་ཁུལ་ཆར་ནགས་དང་ཆ་ཚང་བའི་དུས་རླུང་རྒྱུན་ལྗང་ནགས་ཚལ་སོགས་སྔོ་ཁེབས་སྣ་ཚོགས་སྐྱེས་ཡོད་པས། ཕྱེ་ལེབ་འཚོ་གནས་ལ་འཚམ་པའི་རྨང་གཞིའི་སྣོད་བཅུད་ཁོར་ཡུག་ལྡན་ཡོད་ཅིང་། ཕྱེ་ལེབ་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར་ཀྲུང་གོ•ཧུང་ཧོ་ཕྱེ་ལེབ་གྲོང་རོང་དུ་ཕྱེ་མ་ལེབ་ཀྱི་རིགས་400ཡན་ཡོད་པ་རེད།
   ལོ་ལྟར་གྱི་ཟླ་5པའི་ཟླ་སྨད་ནས་བཟུང་། ཕྱེ་ལེབ་དུང་ཕྱུར་ལྷག་ཀྲུང་གོ•ཧུང་ཧོ་ཕྱེ་ལེབ་རོང་དུ་འཕུར་བཞིན་ཡོད་ཅིང་། མཐོང་དཀོན་པའི་ཕྱེ་མ་ལེབ་མང་པོ་འདུས་ནས་གཤོག་འགྱུར་སྐྱེ་དངོས་སུ་འགྱུར་རིམ་གྱི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།
   ད་ལོར། ཀྲུང་གོ•ཧུང་ཧོ་ཕྱེ་ལེབ་རོང་དུ་ཕྱེ་མ་ལེབ་འབྱུང་བའི་དུས་ཚོད་ལའང་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཧུང་ཧོ་ཀྲོའུ་ཅིན་ཕིང་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཕྱེ་ལེབ་རོང་རྟེན་རྫས་བཤམས་མཛོད་ཁང་གི་འགོ་འཛིན་དབྱང་ཀྲེན་ཝུན་གྱིས“ད་ལོའི་དྲོད་ཚད་དེ་སྔ་ལས་ཅུང་དམའ་བ་དང་། རླུང་ཆེན་དང་ཆར་པ་འབབ་མང་བ་མ་ཟད། སྔོན་དཔག་རགས་ཙམ་བྱས་པར་གཞིགས་ན། ད་ལོའི་ཟླ་6པའི་ཟླ་འགོར་ཕྱེ་མ་ལེབ་འབྱུང་སྲིད་ཅིང་། ཞིབ་ཕྲའི་དུས་ཚོད་ད་དུང་གནམ་གཤིས་གནས་ཚུལ་ལ་བལྟ་དགོས་ཀྱི་ཡོད། ད་ལོ་ཕྱེ་མ་ལེབ་ཀྱི་བསྡོམས་འབོར་སྔོན་དཔག་བྱས་ན་དུང་ཕྱུར་1ཡན་ཟིན་རྒྱུ་རེད”ཅེས་བཤད་པ་རེད།
【1】  【2】
༄༅།།ཕྱེ་མ་ལེབ་དུང་ཕྱུར་ལྷག་འདུག