འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་25ཉིན།

༄༅།།ཚོང་དོན་པུས་བསྟན་དོན། རང་རྒྱལ་གྱིས་ཕྱི་རྒྱལ་གྱི་མ་རྩ་འགུགས་པའི་ཕྱོགས་མང་པོའི་ཐད་ཀྱི་
དགེ་མཚན་ལྡན་པའི་རྒྱུ་རྐྱེན་ལ་འགྱུར་ལྡོག་བྱུང་མེད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་25ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་སུའུ་ཅུའེ་ཐིང་གིས། མིག་སྔར་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཕོག་ནས་རང་རྒྱལ་གྱིས་ཕྱི་རྒྱལ་གྱི་མ་རྩ་སྤྱོད་པའི་ཐད་འགྲན་སློང་མང་པོ་ཕྲད་མོད། འོན་ཀྱང་ཕྱི་རྒྱལ་གྱི་མ་རྩ་འགུགས་ཐབས་བྱེད་པའི་ཕྱོགས་མང་པོའི་ཐད་ཀྱི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་ལ་འགྱུར་ལྡོག་བྱུང་མེད་ཅེས་བཤད་པ་རེད།
   སུའུ་ཅུའེ་ཐིང་གིས་ཚེས་19ཉིན་ཚོང་དོན་པུས་འཚོགས་པའི་དྲ་ཐོག་འཆར་ཅན་ཡོངས་བསྒྲཌ་ཚོགས་འདུའི་ཐོག འདི་ལོ་ཚུན་དུ། ཀྲུང་གོས་ཕྱི་རྒྱལ་གྱི་མ་རྩ་སྤྱད་དེ་འཕར་སྣོན་བརྟན་པོ་ཡོང་བར་བྱེད་པའི་ཐད་རྒྱུ་རྐྱེན་གཙོ་བོ་གསུམ་ཡོད་པ་སྟེ།
    གཅིག་ནས་ཀྲུང་གོའི་ཁྲོམ་རའི་ཡིད་དབང་འགུག་ཤུགས་ཆུང་དུ་ཕྱིན་མེད་པ། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་བས། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་། ཡུན་རིང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད་པ་དང་། རྒྱལ་ནང་གི་ཁྲོམ་རའི་གཞི་ཁྱོན་ཧ་ཅང་ཆེ་བ། ཀྲུང་གོར་ཡུན་རིང་འཕེལ་རྒྱས་གཏོང་བའི་ཕྱི་རྒྱལ་གྱི་མ་རྩའི་ཁེ་ལས་ཀྱི་མདུན་ལམ་ཡག་པོ་ཡོད་པ་རེད།
    གཉིས་ནས་སྒོ་དབྱེའི་སྲིད་ཇུས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ། ཕྱི་རྒྱལ་གྱི་མ་རྩ་ཆོག་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་གསར་པས་རླངས་འཁོར་བཟོ་བ་སོགས་ཁྱབ་ཁོངས་ཀྱི་ཕྱི་རྒྱལ་གྱི་མ་རྩའི་མ་རྐང་གི་བསྡུར་གྲངས་ཀྱི་ཚོད་འཛིན་སྔར་བས་ལྷུག་ཏུ་བཏང་སྟེ། མ་རྩ་ནང་འདྲེན་གྱི་གཞི་ཁྱོན་ཆེ་རུ་འགྲོ་བར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད། སྡེ་ཚན་ཁག་གིས་ཕྱི་རྒྱལ་གྱི་མ་རྩའི་ཁེ་ལས་ཀྲུང་གོར་ཚོང་གཉེར་བྱེད་པར་སྟབས་བདེ་བསྐྲུན་པ་སོགས་ཀྱི་རེ་འདུན་ལ་ལན་ཧུར་ཐག་བསློགས་པ་དང་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ནས། ཕྱི་རྒྱལ་གྱི་ཚོང་པའི་མ་རྩའི་སྔོན་དཔག་དང་ཡིད་ཆེས་བརྟན་དུ་བཏང་ཡོད།
   གསུམ་ནས་མ་དངུལ་གཏོང་བའི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བ། ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་བཅའ་ཁྲིམས་དང་དེ་བཞིན་དེའི་ལག་བསྟར་སྲོལ་ཡིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་བཅའ་ཁྲིམས་དང་མི་མཐུན་པའི་གཏན་འབེབས་གཙང་བཤེར་གཏིང་ཟབ་བྱས་ཡོད། ཕྱི་ཕྱོགས་ཚོང་དོན་གྱི་མཐུན་སྦྱོར་ལམ་སྲོལ་དང་ཕྱི་རྒྱལ་གྱི་མ་རྩའི་རྣམ་གྲངས་གཙོ་བོའི་ལས་དོན་ཆེད་སྒྲུབ་ཚོགས་ཆུང་གིས་ཕྱོགས་ཁག་ལ་དུས་ཐོག་ཏུ་མཐུན་སྦྱོར་བྱས་ནས། ཁེ་ལས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་དང་གཙོ་གནད་རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས། གཉེར་སྐྱོང་ཁོར་ཡུག་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་རེད།