འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་24ཉིན།

༄༅།།ཟི་ལིང་དུ་སྤྱི་ཚོགས་ངོས་ཀྱི་ནད་པ་གཙང་སེལ་བྱུང་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་24ཉིན། 15:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ཐག་གཅོད་ལས་དོན་བཀོད་འདོམས་པུས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་5ཚེས་18ཉིན་ནས་བཟུང་། ཟི་ལིང་གྲོང་ཁྱེར་དུ་བསྟུད་མར་ཉིན་4ལ་ཏོག་གསར་གློ་ཚད་གཏན་འཁེལ་བྱུང་བའི་ནད་པ་དང་། ནད་རྟགས་མེད་པའི་ནད་པ་གསར་དུ་བྱུང་མེད་པར་སྤྱི་ཚོགས་ངོས་ཀྱི་ནད་པ་གཙང་སེལ་བྱུང་འདུག ཟི་ལིང་གྲོང་ཁྱེར་གྱིས་དམངས་འཚོ་དང་སྤྱི་པའི་ཞབས་ཞུར་འབྲེལ་བ་ཡོད་པའི་ས་གནས་རིམ་པ་ཕྱེ་ཞིང་དུས་མཚམས་དབྱེ་ནས་སྒོ་ཕྱེ་སྟེ་རྒྱུན་གཏན་གྱི་འཚོ་བ་དང་ཐོན་སྐྱེད་ཀྱི་སྒྲིག་ལམ་སླར་གསོ་བྱས་ཡོད།