འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་24ཉིན།

༄༅།།རང་སའི་ནད་དཔེ་141+498མང་དུ་ཕྱིན་ཡོད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་24ཉིན། 15:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་23ཉིན་གྱི་ཆུ་ཚོད་0ནས་24བར། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་སྙན་ཞུའི་ནང་ཏོག་གསར་གློ་ཚད་ཕོག་པའི་རང་སའི་ནད་དཔེ་141ཡོད།(ཧྲང་ཧའེ་རུ་ནད་དཔེ་58དང་། པེ་ཅིང་དུ་ནད་དཔེ་41 སི་ཁྲོན་དུ་ནད་དཔེ་19 ཧྲའན་ཞི་རུ་ནད་དཔེ་16 ལིའོ་ཉིང་དུ་ནད་དཔེ་1 ཅི་ལིན་དུ་ནད་དཔེ་1 ཀྲེ་ཅང་དུ་ནད་དཔེ་1)དེའི་ནང་ནད་རྟགས་མེད་པའི་ནད་པ་56དེ་དག་ནད་རྟགས་གཏན་འཁེལ་བྱས་པ་ཚུད་ཡོད།  (ཧྲང་ཧའེ་རུ་ནད་དཔེ་39དང་། སི་ཁྲོན་དུ་ནད་དཔེ་8 ཐེན་ཅིན་དུ་ནད་དཔེ་6 པེ་ཅིང་དུ་ནད་དཔེ་2 ལིའོ་ཉིན་དུ་ནད་དཔེ་1)  ཚེ་འདས་ནད་པ་1མང་དུ་ཕྱིན་པ་དེ་རང་སའི་ནད་དཔེ་ཡིན་པ་དང་ཧྲང་ཧེ་རུ་ཡོད། 
     ཉིན་དེར་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད་པའི་ནད་པ་463མང་དུ་ཕྱིན་པ་དང་། གསོ་རིག་གི་ལྟ་ཞིབ་མེད་པར་བཟོས་པའི་འབྲེལ་འདྲིས་དམ་ཟབ་མཁན་26317ཡོད། ནད་གཞི་ལྕི་པོ་ཕོག་པའི་ནད་དཔེ་སྔར་ཉིན་ལས་1ཉུང་དུ་ཕྱིན་ཡོད་པ་རེད།
     ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ལ་རང་སའི་ནད་རྟགས་མེད་པའི་ནད་པ་498མང་དུ་ཕྱིན་པ་སྙན་ཞུ་ཕུལ་ཡོད། ཉིན་དེར་གསོ་རིག་གི་ལྟ་ཞིབ་མེད་པར་བཟོས་པའི་རང་སའི་ནད་རྟགས་མེད་པའི་ནད་པ་5311ཡོད་པ་རེད།