འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་23ཉིན།

༄༅།།འཛིན་ཡིག་རྫུན་བཟོ་བྱས་པའི་མི་2འཛིན་བཟུང་བྱས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་23ཉིན། 15:31】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཁྲང་ཕིང་ཉེན་རྟོག་ཕྱོགས་ལ་ཉིང་སྐྱུར་བརྟག་དཔྱད་སྒྲིག་གཞི་ཞིག་གི་ཉེན་བརྡ་འབྱོར་སྟེ། ཉིང་སྐྱུར་བརྟག་དཔྱད་ལས་སྒོའི་སྐོར་གཡེང་ཞིབ་བཤེར་བྱེད་རིང་། མི་ཞིག་གིས་ནད་གཡོག་གི་ལས་གཉེར་འཛིན་ཡིག་རྫུན་མ་ཁྱེར་ནས་ལས་གནས་ཐོག་ཞུགས་པ་ཤེས་རྟོགས་བྱུང་། བརྟག་དཔྱད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཧོ་ཆེ་གེ་མོ(ཕོ། ལོ་35)དབྱིན་ཆེ་གེ་མོ(ཕོ། ལོ་36)གཉིས་ཀྱིས་ཉིང་སྐྱུར་བསྡུ་ལེན་གྱི་འབྲེལ་ཡོད་ལས་དོན་ལ་རེ་ཞུ་བྱེད་ཆེད། ནད་གཡོག་གི་ལས་གཉེར་འཛིན་ཡིག་རྫུན་བཟོ་དང་ཉོ་སྒྲུབ་བྱས་པ་བརྒྱུད། ཉིང་སྐྱུར་བསྡུ་ལེན་གྱི་ཐོབ་ཐང་གཡོ་ལེན་བྱས་པ་རེད། ཟླ་5ཚེས་21ཉིན་མི་དེ་གཉིས་ཁྲང་ཕིང་ཆུས་ཧྲི་སན་ལིང་གྲོང་རྡལ་གྱི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་ག་གེ་མོ་ཞིག་ཏུ་ཞུགས་སྐབས། ཉིང་སྐྱུར་བརྟག་དཔྱད་ལས་ཁུངས་ཀྱི་སྐོར་ཞིབ་ལས་དོན་མི་སྣས་དེའི་ཐོབ་ཐང་རྫུན་བཟོ་བྱས་པ་ཤེས་རྟོགས་བྱུང་རྗེས། ཁྲང་ཕིང་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པ་རེད། 
     མིག་སྔར། ཁྲང་ཕིང་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཧོ་ཆེ་གེ་མོ་དང་དབྱིན་ཆེ་གེ་མོ་གཉིས་ལ་ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱ་ཐབས་སྤྱད་དེ། གྱོད་གཞི་སྔར་བས་མུ་མཐུད་དུ་ཐག་གཅོད་བྱེད་བཞིན་ཡོད་པ་རེད།
     ཐོབ་ཐང་མེད་པའི་མི་སྣས་ལས་ཞུགས་ཐོབ་ཐང་གི་འཛིན་ཡིག་རྫུན་མ་སྤྱད་དེ་ཉིང་སྐྱུར་བསྡུ་ལེན་དང་བརྟག་དཔྱད་སོགས་ཀྱི་ལས་དོན་ནང་ཞུགས་ནས། རིམས་འགོག་ལས་དོན་སྤེལ་རྒྱུར་འགོག་རྐྱེན་བཟོ་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ། ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་རྒྱུ་ཡིན་པ་རེད།