འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་23ཉིན།

༄༅།།ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་5བཏང་།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་23ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ནོར་སྲིད་པུའུ་དང་ཆུ་བེད་པུས་ཆུ་བེད་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་5བཀོད་སྒྲིག་བྱས་ནས། རྒྱལ་ཡོངས་ས་གནས་ཁག་གིས་བདེ་འཇགས་ངང་འབྲུབ་དུས་སྒྲོལ་བའི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱ་རྒྱུ་རེད།
     ད་ལོ་རང་རྒྱལ་གྱི་འབྲུབ་ཆུ་རྒྱས་པའི་དུས་ཚོད་ཅུང་སྔ་བ་དང་། འབྲུབ་འགོག་གྲ་སྒྲིག་ལས་དོན་ཛ་དྲག་པོ་ཡོད། ནོར་སྲིད་པུའུ་དང་ཆུ་བེད་པུས་ཆུ་བེད་གེགས་སེལ་མ་དངུལ་གྱི་ཁ་གསབ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ས་གནས་ཁག་གིས་གོ་རིམ་ལྡན་ཞིང་བདེ་འཇགས་ངང་འབྲུབ་དུས་སྒྲོལ་བའི་ལས་དོན་ཧུར་ཐག་གིས་སྤེལ་རྒྱུར་མཛུབ་ཁྲིད་བྱས་པ་རེད།
     ཆུ་བེད་པུས་རིམ་ཁག་ཆུ་བེད་སྡེ་ཁག་གིས་ཆུ་འབྲུབ་པའི་དུས་ཚིགས་གཙོ་བོའི་གོང་གི་ཚད་ཡོད་དུས་ཚོད་སྤྱད་དེ་ཞན་ཆ་གསབ་པ་དང་། སྐྱོན་ཆ་སེལ་བ། ནུས་ཤུགས་ཡོད་རྒུས་ཆུ་ལོག་སྔོན་འགོག་ལས་གྲྭ་ཞིག་གསོ་དང་། འབྲུབ་འགོག་གི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དག་ཐེར་བྱེད་པ། འབྲུབ་འགོག་བཀོད་གཏོང་གི་འཁྲབ་སྦྱོང་། འབྲུབ་འགོག་སྔོན་ཇུས་བཟོ་བཅོས་སོགས་འབྲུབ་དུས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ནས། ཆུ་ལོག་སྔོན་འགོག་གི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།