འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་23ཉིན།

༄༅།།ལོ་ངོ་18ལ་བྲོས་མཁན་ཞིག་ཉིང་སྐྱུར་བརྟག་དཔྱད་སྐབས་བཟུང་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་23ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལོ་ངོ་18ལ་བྲོས་མཁན་ཞིག་ཉིང་སྐྱུར་བརྟག་དཔྱད་སྐབས་བཟུང་འདུག
    མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་16ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་མཁར་བྱང་ཞའོ་ཆའོ་ཁྲོམ་གཞུང་གི་ཉིང་སྐྱུར་ཚད་ལེན་ས་ཚིགས་ཤིག་ཏུ་ལས་སྒྲུབ་མི་དམངས་ཉེན་རྟོག་པས་དོགས་ཡོད་མི་སྣ་ཞིག་ཤེས་རྟོགས་བྱུང་ཞིང་། དེ་མུར་འདྲི་རྩད་དང་ཞིབ་བསྡུར་བྱས་དུས་སྐྱེས་པ་དེ་དྲ་ཐོག་ཏུ་བསྒྲགས་པའི་བྲོས་བྱོལ་མི་སྣ་ཧུའུ་ཞུས་ཆེ་གེ་མོ་ཡིན་པ་ཤེས་རྟོགས་བྱུང་བ་དང་། མི་དམངས་ཉེན་རྟོག་པས་ས་དེ་གར་འཛིན་བཟུང་བྱས་པ་རེད།
   ལོ་ངོ་18ལ་བྲོས་བྱོལ་བྱས་པའི་ཧུའུ་ཞུས་ཆེ་གེ་མོ། བསམ་ཡུལ་འདས་པ་ཞིག་ལ་རང་ཉིད་དམར་རྗེན་དུ་འདོན་མཁན་ནི་ཉིང་སྐྱུར་བརྟག་དཔྱད་ཐེངས་ཤིག་རེད་འདུག
   ཟླ་5ཚེས་16ཉིན་གྱི་སྔ་དྲོར། མི་དམངས་ཉེན་རྟོག་པས་ཉིང་སྐྱུར་ཚད་ལེན་ས་ཚིགས་སུ་སྒྲིག་ལམ་སྲུང་སྐྱོང་བྱེད་སྐབས་སྐྱེས་པ་ཞིག་མིག་ལམ་དུ་ཤར་བྱུང་། “མ་གཞི་ཁོ་རང་པང་སྒྲིག་བཞིན་འདུག མི་དམངས་ཉེན་རྟོག་པ་གམ་དུ་བཅར་བ་མཐོང་དུས་མགོ་སྒུར་བ་མ་ཟད། ད་དུང་རྐང་བཙུགས་ནས་ཁ་རས་དམ་པོ་བརྒྱབ། མིག་གིས་ཀྱང་ང་ཚོར་ལྟ་ཕོད་ཀྱི་མི་འདུག”གྱོད་དོན་སྒྲུབ་མཁན་མི་དམངས་ཉེན་རྟོག་པས་དེ་ལྟར་བཤད།
   ཁ་རས་དམ་པོ་བརྒྱབ་ཡོད་མོད། མི་དམངས་ཉེན་རྟོག་པས་ཁ་རས་རྒྱབ་ཀྱི་གདོང་དེ་ངོ་ཟིན་གྱི་འདུག ཐོབ་ཐང་ཆ་འཕྲིན་ལ་སྔར་བས་ཞིབ་བསྡུར་བྱས་པ་བརྒྱུད། ཁོང་ནི་ཉེན་རྟོག་ཕྱོགས་ཀྱིས་ལོ་18རིང་འཚོལ་གྱིན་པའི་བྲོས་བྱོལ་མི་སྣ་ཧུའུ་ཞུས་ཆེ་གེ་མོ་ཡིན་པ་གཞི་རྩའི་ཆ་ནས་གཏན་འཁེལ་བྱས་པ་རེད།
   ཟིང་ཆ་མི་སློང་ཆེད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པ་སྐྱེས་པ་དེའི་མདུན་དུ་སོང་ནས། “སྐུ་ཁམས་བཟང་། ང་ཚོ་ནི་མཁར་བྱང་སྤྱི་བདེ་ཡན་ལག་ཅུས་ཀྱི་མི་དམངས་ཉེན་རྟོག་པ་ཡིན། ད་ལྟ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་ཆ་འཕྲིན་ཐོ་འགོད་བྱེད་བཞིན་ཡོད་པས། ཁྱེད་ཀྱིས་ཁ་རས་མར་འཐེན་ནས་བདེ་ཐང་ཨང་རྟགས་དང་ཞིབ་དཔྱད་ཨང་རྟགས་སྟོན་རོགས། ང་ཚོས་ཐོ་འགོད་བྱེད་དགོས”ཞེས་བཤད་པ་རེད།
   ཞིབ་བཤེར་བྱས་པ་བརྒྱུད། 2004ལོར་དོགས་ཡོད་ཉེས་ཅན་ཧུའུ་ཞུས་ཆེ་གེ་མོས་ཧྲན་ཞི་ཞིང་ཆེན་ལུའི་ལིའང་གྲོང་ཁྱེར་གྱི་ཞིན་རྫོང་དུ་འཕྲོག་བཅོམ་བྱས་རྗེས་བྲོས་བྱོལ་དུ་སོང་བ་རེད། བཅའ་ཁྲིམས་ཀྱི་བཀག་སྡོམ་ལས་གཡོལ་བའི་ཆེད་དུ། ཧུའུ་ཞུས་ཆེ་གེ་མོའི་མིང་ལ་“ཧུའུ་ལི་ཆེ་གེ་མོ་”ཞེས་བཏགས་ནས་གང་སར་འཁྱམས་མྱུལ་བྱས་བསྡད། ལོ་10ཡི་གོང་ཁོང་ཟི་ལིང་གྲོང་ཁྱེར་དུ་ལས་ཀ་ཙག་ཙིག་བྱས་ནས་འཚོ་བ་སྐྱེལ་བར་ཡོང་བ་དང་། མཁར་བྱང་ཁོངས་གཏོགས་ཀྱི་མི་སེར་སྡོད་ཁང་ཞིག་གླས་ནས་བསྡད་འདུག
འདྲི་རྩད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ཧུའུ་ཞུས་ཆེ་གེ་མོས་2004ལོར་འཕྲོག་བཅོམ་བྱས་པའི་ནག་ཉེས་ངོས་ལེན་ཞུས་པ་དང་། མིག་སྔར་ལུའི་ལེང་གྲོང་ཁྱེར་ཞིན་རྫོང་སྤྱི་བདེ་ཅུས་ལ་རྩིས་སྤྲད་པ་དང་གྱོད་གཞི་དེ་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།