འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་23ཉིན།

༄༅།།བོད་ལྗོངས་ཀྱི་དེ་སྔའི་ཁྲུའུ་རིམ་པའི་ལས་བྱེད་པ་ཞིག་འཛིན་བཟུང་བྱས་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་23ཉིན། 12:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གི་དེ་སྔའི་རྫོང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དང་། སྤྱི་བདེ་ཅུས་ཀྱི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི། ཅུས་ཀྲང་ཉི་མ་ལ་ལྐོག་ཟ་དང་། ལྐོག་རྔན་ལེན་པ། ལྐོག་རྔན་སྤྲོད་པ། ཉེར་ཕྱོགས་ཁྲིམས་འགལ་བཅས་ཀྱི་ཉེས་དོགས་ཡོད་པའི་གྱོད་གཞི་དེ་ཉིང་ཁྲི་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་མཇུག་འགྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་རེད། ཉིང་ཁྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་དོ་དམ་བྱེད་ཁོངས་དམིགས་འཛུགས་བྱས་པ་བརྒྱུད། ཀོང་པོ་རྒྱ་མདའ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཞུ་གཏུག་བྱེད་འགན་ཁུར་བ་རེད། ཉེ་ཆར། ཀོང་པོ་རྒྱ་མདའ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་ཟའི་བྱས་ཉེས་དང་། ལྐོག་རྔན་ལེན་པའི་བྱས་ཉེས། ལྐོག་རྔན་སྤྲད་པའི་བྱས་ཉེས། ཉེར་ཕྱོགས་ཁྲིམས་འགལ་གྱི་བྱས་ཉེས་བཅས་ཀྱི་ཐོག་ནས་ཉི་མ་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། གྱོད་གཞི་འདི་སྒྲུབ་བཞིན་ཡོད་པ་རེད།