འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་23ཉིན།

༄༅།།སློབ་མར་རྡུང་མཁན་སློབ་འབྲིང་དགེ་རྒན་དེར་ཆད་པ་བཅད་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་23ཉིན། 12:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་།ཡུན་ནན་ཞིང་ཆེན་ཀྲའོ་ཐུང་གྲོང་ཁྱེར་གྱི་སློབ་འབྲིང་དགེ་རྒན་ཞིག་གིས་སློབ་མར་གཅར་རྡུང་བཏང་བའི་བརྙན་ལམ་ཞིག་ལ་མི་རྣམས་ཀྱིས་དོ་ཁུར་བྱེད་ཀྱི་ཡོད་པ་རེད།བརྙན་ལམ་ཐོག་ནས་མངོན་པར།དགེ་རྒན་ཞིག་གིས་སློབ་མ་བུ་ཞིག་གི་སྐྲ་ལ་འཇུ་ནས་ཕར་འཐེན་ཚུར་འཐེན་བྱེད་པ་མ་ཟད། སློབ་མ་དེ་འདུག་སྟེགས་ནས་ཡར་འཐེན་ཏེ་ས་ལ་འགྱེལ་རྗེས་ད་དུང་སློབ་མར་རྡོག་རྒྱག་འགའ་བཞུས།དེའི་རྗེས།དགེ་རྒན་དེས་སློབ་མ་འཇུ་ནས་སློབ་ཁང་གི་རྒྱལ་འགྲམ་དུ་སླེབས་ཚེ་ཡང་རྡོག་རྒྱག་གཅིག་བཞུས་ནས་སློབ་མ་ཕྱིར་ཕུད།དེ་རྗེས་སུ།ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་གྱིས་གནས་ཚུལ་དེ་དང་འབྲེལ་བ་ཡོད་པའི་དགེ་རྒན་དེར་ཐག་གཅོད་བྱས་ཟིན་ཞེས་ལན་བཏབ།