འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་23ཉིན།

༄༅།།རང་རྒྱལ་གྱིས་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་ཁབ་རྩི་ཤིང་ར་བའི་ མ་ལག་འཛུགས་མགྱོགས་སུ་གཏོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་23ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ■ རང་རྒྱལ་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞིར་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་བསྐྲུན་ཟིན་ནས་90%ལས་བརྒལ་བའི་སྐམ་སའི་སྐྱེ་ཁམས་མ་ལག་དང་71%ལས་བརྒལ་བའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་སྲུང་སྐྱོང་བྱས་ཡོད།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱིས་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་ཁབ་རྩི་ཤིང་ར་བའི་མ་ལག་འཛུགས་མགྱོགས་སུ་བཏང་ནས། འདི་ལོ་རྒྱལ་ཁབ་ཀྱི་སྤྱི་གླིང་ཁག་གཅིག་སླར་ཡང་འཛུགས་ཐུབ་པ་བྱས་ཏེ་རྒྱལ་ཁབ་ཀྱི་རྩི་ཤིང་ར་བའི་མ་ལག་འཛུགས་པའི་འཆར་འགོད་བཟོ་རྒྱུ་རེད།
   འདི་ནི་གསར་འགོད་པར་ཚེས་20ཉིན་འཚོགས་པའི་2022ལོའི་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་མོའི་ཀྲུང་གོའི་ཚོགས་ར་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
   འདི་ལོ་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་མོས“སའི་གོ་ལའི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་མཉམ་དུ་བསྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། ལོ་མང་པོའི་འབད་བརྩོན་བརྒྱུད། རང་རྒྱལ་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པ་དང་།
   རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞིར་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་བསྐྲུན་ཟིན་ནས་90%ལས་བརྒལ་བའི་སྐམ་སའི་སྐྱེ་དངོས་མ་ལག་དང་71%ལས་བརྒལ་བའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་དངོས་རིགས་སྲུང་སྐྱོང་བྱས་ཡོད་པ་རེད།
   སྐྱེ་ཁམས་ཁོར་ཡུག་པུའི་ཏང་ཙུའི་ཧྲུའུ་ཅི་སུན་ཅིན་ལུང་གིས་བྱེད་སྒོ་སྤེལ་སྐབས། མིག་སྔར་སྐྱེ་དངོས་སྣ་མང་རང་བཞིན་ཉུང་དུ་འགྲོ་བའི་རྣམ་པ་གཞི་རྩའི་ཆ་ནས་བཀག་འགོག་ཐུབ་མེད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་བཞིན་འབད་བརྩོན་ལྷོད་མེད་བྱེད་དགོས་ཀྱི་ཡོད། ཀྲུང་གོས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས་བྱས་ཏེ་བྱེད་ཐབས་སྤེལ་ཤུགས་དེ་བས་ཆེ་བ་དང་ཏན་ཏིག་གི་ཐོག་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱས་ཐོག་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཀྲུང་གོའི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།