འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་22ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《“ལོ་ལྔ་ཚན་བཅུ་བཞི་པའི”རྒྱལ་དམངས་ཀྱི་བདེ་ཐང་འཆར་འགོད》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་22ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《“ལོ་ལྔ་ཚན་བཅུ་བཞི་པའི”རྒྱལ་དམངས་ཀྱི་བདེ་ཐང་འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)བཀྲམ་ཞིང་། 《འཆར་འགོད》ནང་2025ལོར་སླེབས་སྐབས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ནད་གཞི་ཚབས་ཆེན་གྱི་གནོད་འཚེ་ཁག་གཅིག་ཚོད་འཛིན་དང་སེལ་ཐུབ་རྒྱུ་དང་། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་འགྲོ་རྒྱུ། སྨན་བཅོས་འཕྲོད་བསྟེན་གྱི་འབྲེལ་ཡོད་འདེགས་སྐྱོར་ནུས་པ་དང་བདེ་ཐང་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་རྒྱུ། རྒྱལ་དམངས་ཀྱི་བདེ་ཐང་སྲིད་ཇུས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་འགྲོ་རྒྱུ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་2020ལོའི་རྨང་གཞིའི་ཐོག་མུ་མཐུད་ལོ་1ཙམ་རིང་དུ་འགྲོ་རྒྱུ་ཡིན་པ་བཅས་བཏོན་ཡོད་པ་རེད།
     《འཆར་འགོད》ནང“ལོ་ལྔ་ཚན་བཅུ་བཞི་པའི”རིང་འཕྲོད་བསྟེན་བདེ་ཐང་ལས་དོན་ཐད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་པ་དང་། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། བདེ་ཐང་ཀྲུང་གོའི་བྱ་སྤྱོད་ལག་བསྟར་བྱེད་མགྱོགས་སུ་གཏོང་བ། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ནད་བཅོས་ལྟེ་བར་འཛིན་པ་ནས་མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པའི་འཕེལ་རྒྱས་གཏོང་སྟངས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མང་ཚོགས་ལ་ཕྱོགས་ཡོངས་དང་དུས་འཁོར་ཧྲིལ་པོའི་བདེ་ཐང་ཞབས་ཞུ་མཁོ་འདོན་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
     《འཆར་འགོད》ནང་ལས་འགན་བདུན་གཏན་འཁེལ་བྱས་ཡོད་པ་སྟེ། གཅིག་ནས་སྤྱི་པའི་འཕྲོད་བསྟེན་གྱི་འགོག་སྲུང་དྲ་བ་བརྟན་དུ་གཏོང་དགོས་ཤིང་། ནད་རིགས་སྔོན་འགོག་དང་ཚོད་འཛིན་བྱེད་ནུས་ཆེ་རུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཀྱི་ཉེན་བརྡའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་བརྡ་ལན་དང་ཐག་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རིམས་ནད་ཚབས་ཆེན་འགོག་བཅོས་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། གཉིས་ནས་བདེ་ཐང་གི་གནད་དོན་དང་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་ལ་ཕྱོགས་ཡོངས་ནས་དོ་དམ་བྱེད་དགོས་ཤིང་། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཁྱབ་གདལ་གཏོང་བ་དང་། འགོ་ནད་དང་། གཞན་རྟེན་སྲིན་འབུའི་ནད། ཡུལ་ནད་བཅས་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། གཅོང་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དང་གནོད་འཚེ་སྔོན་འགོག་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སེམས་ཁམས་བདེ་ཐང་དང་བསམ་པའི་འཕྲོད་བསྟེན་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ། ཁོར་ཡུག་བདེ་ཐང་དང་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལ་སྲུང་སྐྱོང་བཅས་བྱས་ནས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་དགོས་པ། གསུམ་ནས་དུས་འཁོར་ཧྲིལ་པོར་མི་ཚོགས་ཀྱི་བདེ་ཐང་འགན་ལེན་བྱེད་དགོས་ཤིང་། བུ་བཙའ་དང་ཕྲུ་གུ་དམར་འབྱར་ལ་ལྟ་སྐྱོང་གི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ་དང་། བུད་མེད་དང་བྱིས་པའི་བདེ་ཐང་ལ་སྲུང་སྐྱོང་བྱེད་པ། རྒན་རྒོན་གྱི་བདེ་ཐང་ལ་སྐུལ་འདེད་གཏོང་བ། ལས་རིགས་བདེ་ཐང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། དབུལ་སྒྲོལ་ས་ཁུལ་དང་དབང་པོ་སྐྱོན་ཅན་སོགས་འབྲེལ་ཡོད་གཙོ་གནད་མི་ཚོགས་ཀྱི་བདེ་ཐང་ཞབས་ཞུ་འགན་ལེན་བཅས་བྱེད་དགོས་པ། བཞི་ནས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས་ཤིང་། སྨན་བཅོས་ཞབས་ཞུའི་བཀོད་པ་ལེགས་སུ་གཏོང་བ་དང་སྨན་བཅོས་ཀྱི་སྤུས་ཚད་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཞབས་ཞུའི་ཞན་ཆ་གང་མགྱོགས་གསབ་དགོས་པ། ལྔ་ནས་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། བདེ་ཐང་ཞབས་ཞུའི་ཁྲོད་ཀྱི་ཀྲུང་ལུགས་གསོ་རིག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཀྲུང་ལུགས་གསོ་རིག་སྨན་རྫས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་རྨང་གཞི་བརྟན་དུ་གཏོང་དགོས་པ། དྲུག་ནས་བདེ་ཐང་གི་ཐོན་ལས་ལེགས་སུ་དང་སྟོབས་ཆེར་གཏོང་དགོས་ཤིང་། སྨན་དང་སྨན་རྫས་བཟོ་ལས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྩེར་སོན་སྨན་བཅོས་སྒྲིག་ཆས་དང་བདེ་ཐང་སྤྱོད་ཆས་བཟོ་སྐྲུན་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་སྨན་ཁང་གཉེར་སྐྱོང་རྒྱུན་མཐུད་ཚད་ལྡན་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཚོང་ལས་བདེ་ཐང་གི་འགན་བཅོལ་མཁོ་སྤྲོད་མང་དུ་གཏོང་བ། བདེ་ཐང་དང་འབྲེལ་ཡོད་ཀྱི་ལས་རྣམ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ། བདུན་ནས་རྒྱལ་དམངས་ཀྱི་བདེ་ཐང་ལ་འདེགས་སྐྱོར་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ་དང་། འཕྲོད་བསྟེན་བདེ་ཐང་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འཕྲོད་བསྟེན་བདེ་ཐང་གི་ཚན་རྩལ་གསར་གཏོད་བྱེད་མགྱོགས་སུ་གཏོང་བ། དམངས་ཡོངས་བདེ་ཐང་གི་ཆ་འཕྲིན་སྦྲེལ་མཐུད་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ། འཕྲོད་བསྟེན་བདེ་ཐང་གི་ཁྲིམས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།
     《འཆར་འགོད》ནང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཁག་ཞུགས་རྒྱུའི་སྐུལ་སློང་བྱེད་པ། དྲིལ་བསྒྲགས་ཁྲིད་སྟོན་ཡག་པོ་བྱེད་པ། ལྟ་ཞིབ་ཚད་ལེན་གྱི་གདེང་འཇོག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད་པ་རེད།