འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་20ཉིན།

༄༅།།ཀྲུང་གོའི་ས་ཆ་འདི་སྐར་མ་མིག་དམར་དང་ཤིན་ཏུ་མཚུངས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་20ཉིན། 15:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཀྲུང་གོའི་ས་ཆ་འདི་སྐར་མ་མིག་དམར་དང་ཤིན་ཏུ་མཚུངས།
     མི་དམངས་དྲ་བའི་འཕྲིན། ཉེ་སྔོན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱི་ས་གནས་དེ་གའི་པར་ལེན་མཁན་ཚྭ་འདམ་གཤོང་སའི་བྲག་དམར་བརྒལ་ཏེ། བརྙན་མིག་གིས“སྐར་མ་མིག་དམར་དང་ཆེས་མཚུངས་པའི་ཀྲུང་གོའི་ས་ཆ”འདི་ཟིན་ཐོར་བཀོད་ཡོད།
     ཚྭ་འདམ་གཤོང་སར་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཚྭ་འདམ་ཆེ་བའི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། དེ་ལས་བྲག་དམར་ནི་ཆེས་དཔེ་མཚོན་ཅན་དང་ངོ་མཚར་ཆེ་བའི་ས་དབྱིབས་ཤིག་ཡིན་ལ། སྔོན་ཆད་ཀྲུང་གོའི་ཚན་རིག་གླིང་གིས“སྐར་མ་མིག་དམར་དང་ཆེས་མཚུངས་བའི་ས་ཆ”རུ་བདམས་ཡོད།
     མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཤོངས་སའི་ཚྭ་འདམ་ཆེ་བའི་བྲག་དམར་ས་ཁུལ་དང་སྐར་མ་མིག་དམར་གྱི་ཁོར་ཡུག་བར་འདྲ་མཚུངས་ཀྱི་ཆ་ཅུང་མང་པོ་ཡོད་པས། རང་རྒྱལ་གྱི་སྐར་མ་མིག་དམར་གྱི་འདྲ་བཟོ་རྟེན་གཞི་ཐོག་མའི་ས་ཆ་ལེགས་ཤོས་དེ་ཡིན། ཡིན་ནའང་ས་ཁུལ་དེའི་ཞིབ་འཇུག་ཚད་གཞི་ཧ་ཅང་དམའ་བ་དང་། འབྲེལ་ཡོད་རྨང་གཞིའི་རྒྱུ་ཆའི་ཆ་འཕྲིན་ཞིབ་ཕྲ་ཤིན་ཏུ་དཀོན། 2018ལོའི་ཟླ་7པར། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་ཚན་རྩལ་རྨང་གཞིའི་ཆ་རྐྱེན་ལས་སྟེགས་ཀྱི་ལས་གཞིའི་རྒྱབ་སྐྱོར་འོག ཀྲུང་གོའི་ཚན་རིག་གླིང་མཚོ་སྔོན་ཚྭ་མཚེའུ་ཞིབ་འཇུག་ཁང་དང་ཀྲུང་གོའི་ཚན་རིག་གླིང་ཀེའུ་དབྱང་སའི་གོ་ལའི་རྫས་འགྱུར་ཞིབ་འཇུག་ཁང་། ཀྲུང་གོའི་ཚན་རིག་གླིང་རྒྱལ་ཁབ་གནམ་དཔྱད་སྟེགས་བུ་བཅས་ཀྱིས་མཉམ་འབྲེལ་ཐོག“ཀྲུང་གོའི་སྐར་མ་མིག་དམར་རིགས་བསྡུར་ཁུལ(གནས་ཡུལ་གདམ་ཁུལ)དང་སྐར་མ་མིག་དམར་ཁོར་ཡུག་གི་ཕྱོགས་བསྡུས་ཆ་འཕྲིན་གྲངས་གཞིའི་སྟེགས་བུ་བཀོད་འཛུགས་བྱེད་པའི”ལས་གཞི་ལས་འགོ་ཚུགས་པ་དང་། ལས་གཞི་དེའི་ལག་བསྟར་དུས་ཡུན་ལོ་གསུམ་ཡིན་ཞིང་། 2020ལོའི་ཟླ་12པར་མཇུག་བསྒྲིལ་ཡོད། 
【1】  【2】  【3】  【4】
༄༅།།ཀྲུང་གོའི་ས་ཆ་འདི་སྐར་མ་མིག་དམར་དང་ཤིན་ཏུ་མཚུངས།