འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་27ཉིན།

༄༅།།ཡང་ཀྲུང་གོའི་འགོག་ཁབ་གཅིག་གསལ་ཐོ་འདིའི་ནང་བཅུག་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་20ཉིན། 15:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཚེས་19ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཤེར་རྨེན་ནད་དུག་གི་གཞི་རྟེན་ཏོག་གསར་རིམས་འགོག་སྨན་ཁབ་ཁེ་ཝེ་ཧྲ(CONVIDECIA)“འཕྲལ་མྱུར་སྤྱོད་རྒྱུའི་གསལ་ཐོའི”ནང་འཇུག་རྒྱུའི་ཁྱབ་བསྒྲགས་བྱས། དེ་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཕྲལ་མྱུར་སྤྱོད་རྒྱུར་དབང་ཆ་སྤྲད་པའི་ཏོག་གསར་རིམས་འགོག་སྨན་ཁབ་རིགས་11པ་ཡིན་པ་དང་། ཀྲུང་གོ་ཁང་ཞི་ནུའོ་སྐྱེ་དངོས་མ་རྐང་ཀུང་སིས་ཐོན་སྐྱེད་བྱས་པ་ཞིག་རེད། རིམས་འགོག་སྨན་ཁབ་དེ་ནི་ཐེངས་གཅིག་ལས་རྒྱག་མི་དགོས་པའི་གཤེར་རྨེན་ནད་དུག་གཞི་རྟེན་དུ་བྱེད་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཅིག་ཡིན་པ་དང་། ལོ་18ཡན་གྱི་མི་ཚོགས་ལ་སྤྱོད་ཆོག་གི་ཡོད་པ་རེད།