འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་20ཉིན།

༄༅།།པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ལྷ་ལྡན་གཙུག་ལག་ཁང་དུ་ཕེབས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་20ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ལྷ་ལྡན་གཙུག་ལག་ཁང་དུ་ཕེབས་པ།
    མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་10ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་གནམ་གྲུར་བཞུགས་ནས་ལྷ་སར་འབྱོར་བ་དང་།བོད་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། བོད་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲོང་ཡན། བོད་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཕུར་བུ་དོན་གྲུབ་སོགས་བཞུགས་གླིང་རྡོ་རྗེ་ཕོ་བྲང་དང་ལྷ་ས་གོང་དཀར་གནམ་ཐང་དུ་པཎ་ཆེན་རིན་པོ་ཆེ་ཕེབས་བསུར་བཅར། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྡོ་རྗེ་ཚེ་སྒྲུབ་དང་། ཀྲང་ཧུང་པོ། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ས་ལུང་ཕུན་ལགས། བསོད་ནམས་རིག་འཛིན་སོགས་དང་ལྷ་སའི་དགོན་སྡེ་ཆེ་གྲས་ཁག་གི་དགེ་འདུན་པའི་འཐུས་མིའང་ཕེབས་བསུར་བཅར།