འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་19ཉིན།

༄༅།།ཡུན་ནན་ཞིང་ཆེན་གྱིས“ལས་བྱེད་པས་ཕ་ཡུལ་འཆར་འགོད་བྱེད་པའི་བྱ་སྤྱོད”ལ་རྒྱུན་མཐུད་
སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་19ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་གྲོང་གསེབ་དར་རྒྱས་ལ་རྒྱུན་མཐུད་དང་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། 2022ལོར་ཡུན་ནན་ཞིང་ཆེན་གྱིས“ལས་བྱེད་པས་ཕ་ཡུལ་འཆར་འགོད་བྱེད་པའི་བྱ་སྤྱོད”ལ་མུ་མཐུད་སྐུལ་འདེད་བཏང་སྟེ། སྲིད་འཛིན་གྲོང་ཚོ་5502ཀྱི་གྲོང་སྡེ་འཆར་འགོད་བཟོ་བའི་ལས་འགན་ལེགས་སྒྲུབ་བྱེད་པའི་འཆར་གཞི་ཡོད་པ་རེད།
   2021ལོའི་ཟླ་4པར། ཞིང་ཨུད་རྩ་འཛུགས་པུའུ་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་སོགས་སྡེ་ཚན་9ཡིས《“ལས་བྱེད་པས་ཕ་ཡུལ་འཆར་འགོད་བྱེད་པའི་བྱ་སྤྱོད”སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་འབྲེལ་ཐོག་བཀྲམ་ནས་ཡུན་ནན་ཞིང་ཆེན་གྱི་གྲོང་སྡེ་འཆར་འགོད་བཟོ་བའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། ལོ་3གྱི་དུས་ཚོད་ནང་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་12107གྱི་གྲོང་སྡེ་འཆར་འགོད་བཟོ་བའི་ལས་འགན་ལེགས་སྒྲུབ་བྱེད་པའི་འཆར་གཞི་ཡོད་པ་རེད། ལོ་གཅིག་རིང་། ཞིང་ཆེན་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་གྱིས“ལས་བྱེད་པས་ཕ་ཡུལ་འཆར་འགོད་བྱེད་པའི་བྱ་སྤྱོད”ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་།
   ཞིང་ཆེན་རིམ་པས་ཞིང་ཨུད་རྩ་འཛུགས་པུའུ་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་ཙུའུ་ཀྲང་གཉིས་བྱེད་པ་དང་། འཕེལ་རྒྱས་སྒྱུར་བཅོས་དང་། ནོར་སྲིད། གྲོང་གསེབ་དར་རྒྱས་སོགས་སྡེ་ཚན་གྱིས་ཁོངས་མི་བྱས་པའི“ལས་བྱེད་པས་ཕ་ཡུལ་འཆར་འགོད་བྱེད་པའི་བྱ་སྤྱོད”ཀྱི་རྣམ་གྲངས་ཚོགས་ཆུང་བཙུགས་པ་དང་། ཀྲོའུ(གྲོང་ཁྱེར)16ཚང་མས་རྣམ་གྲངས་ཚོགས་ཆུང་བཙུགས་པ། རྫོང(གྲོང་ཁྱེར། ཆུས)129ཡིས་འགོ་ཁྲིད་ཚོགས་ཆུང་བཙུགས་པ། ཤང་དང་གྲོང་རྡལ་གྱིས་འབྲེལ་གཏུག་ཞབས་ཞུའི་ས་ཚིགས་བཙུགས་པ། སྲིད་འཛིན་གྲོང་ཚོས་འཆར་འགོད་བཟོ་བའི་ཚོགས་ཆུང་བཙུགས་ཤིང་། བྱེད་པོའི་འགན་འཁྲི་ཁ་གསལ་དང་། དེ་མཚུངས་ཀྱི་ཡིག་ཆ་གཏན་འབེབས། འཆར་འགོད་བཟོ་བ། ཇུས་གཞི་དང་ལས་ཀའི་བྱ་ཐབས་ལག་བསྟར་བཅས་བྱས་ཡོད་པ་རེད།
    ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས་ཕ་ཡུལ་གྱི་གནས་ཚུལ་རྒྱུས་མངའ་ཆེ་བ་དང་ཤེས་བྱ་རྟོགས་པ་སོགས་ཀྱི་ཏང་ཡོན་ལས་བྱེད་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་གཞུང་ལས་མི་སྣ་ཁྲི་4ལྷག་ཙམ་ཕ་ཡུལ་དུ་ལོག་ནས་འཆར་འགོད་ནང་ཞུགས་རྒྱུའི་སྐུལ་སློང་བྱས་པ་རེད། དེ་དང་ཆབས་ཅིག ཚན་རིག་དང་མཐུན་པའི་ངང་གྲོང་སྡེ་འཆར་འགོད་བྱེད་ཆེད། རིམ་རྩིས་ལྟར་ན་འབྲེལ་ཡོད་གསོ་སྦྱོང་ཐེངས་6220བྱས་པར་གསོ་སྦྱོང་མི་ཐེངས་ཁྲི་62.3ཟིན་ཡོད་པ་རེད། མིག་སྔར། 2021ལོའི་སྲིད་འཛིན་གྲོང་ཚོ་4791འཆར་འགོད་བཟོ་བའི་ཐད“དཔེ་རིས་གཉིས་དང་། དཔེ་དེབ་གཅིག རེའུ་མིག་གཅིག དམངས་ཆིངས་གཅིག”བཅས་ཀྱི་འཆར་འགོད་མ་ཟིན་འགོད་པའི་ལས་འགན་སྤྱིར་ན་ལེགས་གྲུབ་ཟིན་ནས་འཆར་འགོད་གྲུབ་འབྲས་ཚད་གཞི་ཅན་དང་ཚད་ལྡན་ཅན་དང་། ལག་རྩལ་ཞིབ་བཤེར་གྱི་ལས་ཀའི་དུས་མཚམས་སུ་སླེབས་ཡོད་པ་རེད།