འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་18ཉིན།

༄༅།།ལྐོག་ཚོང་ཉེས་ཅན་7བཟུང་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་18ཉིན། 16:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཚེས་17ཉིན་གྱི་དགོང་མོར། དབྱི་རན་ལྷོ་རྒྱུད་ཀྱི་ཧོའར་མུའུ་ཙི་ཀན་ཞིང་ཆེན་མཐའ་སྲུང་དམག་གིས་བཤད་དོན། པར་སིག་མཚོ་ཁོངས་ནས་ཁྲའེ་ཡིའུ་སྣུམ་ཧྲེང་ཁྲི་55བླུགས་པའི་གྲུ་གཟིངས་ཤིག་རྩད་ཆོད་པ་དང་འབྲེལ་ལྐོག་ཚོང་ཉེས་ཅན་7བཟུང་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་དུས་སྐབས་ཤིག་རིང་། དབྱི་རན་གྱིས་འབར་རྫས་ལྐོག་འདྲེན་སོགས་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་བ་དང་འབྲེལ་ཕྱི་རྒྱལ་གྱི་གྲུ་གཟིངས་མང་པོ་དང་། དེ་མཚུངས་ཕྱི་རྒྱལ་གྱི་གྲུ་པ་མང་པོ་རྩད་ཆོད་ཐུབ་པ་བྱུང་ཡོད།