འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་18ཉིན།

༄༅།།བཤར་ཆས་འདི་ཟླ་རྗེས་མ་ནས་སྤྱོད་མཚམས་འཇོག་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་18ཉིན། 15:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བཤར་ཆས་འདི་ཟླ་རྗེས་མ་ནས་སྤྱོད་མཚམས་འཇོག་རྒྱུ་རེད།
   མི་དམངས་དྲ་བའི་འཕྲིན། མཉེན་ཆས་ཕྲ་མོ་གཞུང་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་དོན། མཉེན་ཆས་ཕྲ་མོས་1995ལོར་Windows 95དང་མཉམ་དུ་བཏོན་པའི་IEབཤར་ཆས་དེ་ལོ་27རྗེས་ཀྱི་2022ལོའི་ཟླ་6ཚེས་16ཉིན་ནས་དངོས་སུ་སྤྱོད་མཚམས་འཇོག་རྒྱུ་དང་།དེ་ནས་དེའི་བྱེད་ནུས་དེ་Edgeབཤར་ཆས་ཀྱིས་ཚབ་བྱ་རྒྱུ་རེད།
   IEནི་1995ལོར་བཏོན་པ་དང་།Windowsམ་ལག་རང་ལ་ཡོད་པའི་དྲ་ངོས་བཤར་ཆས་ཤིག་རེད། མཉེན་ཆས་ཕྲ་མོས་མ་ལག་གི་དགེ་མཚན་བེད་སྤྱད་ནས་སྡོམ་འཆིང་ཉོ་འཚོང་བྱས་པས། སྐབས་དེའི་འགྲན་ཡ་མྱུར་དུ་ཕམ་པར་བྱས་ཡོད།2001ལོའི་རྩེར་སོན་དུས་སྐབས་སུ།IEཡིས་གོ་ལ་ཧྲིལ་པོའི་བཤར་ཆས་ཁྲོམ་རའི་90%ཡན་གྱི་ཐོབ་སྐལ་བཟུང་ཡོད་པ་རེད།