འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་17ཉིན།

༄༅།།ཆོས་དབྱིངས་སྐྱིད་ལ་ཨང་དང་པོ་ཐོབ་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་17ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཚེས་16ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉིན་དེར་སི་ཕེན་གྱི་མ་ཏེ་རིར་སྤེལ་བའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་འདུར་རྒྱུག་གི་སྐོར་སྐྱོད་འགྲན་བསྡུར(གསེར་རྟགས་འགྲན་བསྡུར)ནང་ཀྲུང་གོའི་བོད་རིགས་ཀྱི་འདུར་རྒྱུག་ལུས་རྩལ་པ་གྲགས་ཅན་ཆོས་དབྱིངས་སྐྱིད་ལ་བུད་མེད་ཚོ་ཆུང་གི་སྤྱི་ལེ་10ཡི་རྣམ་གྲངས་ཁྲོད་ཨང་དང་པོ་ཐོབ་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེར་ཆོས་དབྱིངས་སྐྱིད་ཀྱིས་སྐར་མ་43དང་སྐར་ཆ་07གྱི་གྲུབ་འབྲས་ཐོག་ནས་བུད་མེད་ཚོ་ཆུང་གི་སྤྱི་ལེ་10ཡི་རྣམ་གྲངས་ཀྱི་ཨང་དང་པོ་བླངས་པ་རེད།
   ཆོས་དབྱིངས་སྐྱིད་ནི་ཀྲུང་གོའི་ལོ་རྒྱུས་ཐོག་གི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་ཞུགས་མཁན་བོད་རིགས་ལུས་རྩལ་པ་དང་པོ་དེ་རེད།
2022ལོར། ཆོས་དབྱིངས་སྐྱིད་ལ་གྲུབ་འབྲས་ལེགས་པོ་གང་མང་ཐོབ་སྟེ། ཟླ་4ཚེས་23ཉིན་ཆོས་དབྱིངས་སྐྱིད་ཀྱིས་སི་ལོ་ཝ་ཁེར་སྤེལ་བའི་2022ལོའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་འདུར་རྒྱུག་གི་སྐོར་སྐྱོད་འགྲན་བསྡུར་ཁྲོད་བུད་མེད་ཀྱི་སྤྱི་ལེ་35ཡི་འདུར་རྒྱུག་གི་གསེར་གྱི་རྟགས་མ་ཐོབ་པ་དང་། ཟླ་3པར་འབྲེལ་ཡོད་སྒྲིག་གཞིས་གནས་ཚུལ་སྤེལ་བར་གཞིགས་ན། ཁོ་མོ་2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྤྱི་ལེ་20ཡི་འདུར་རྒྱུག་རྣམ་གྲངས་ཀྱི་ཨང་དང་པོ་གསབ་རྒྱུའི་རེ་བ་ཡོད།