འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་16ཉིན།

༄༅།།2023ལོ་ནས་བཟུང་འཛིན་ཡིག་འདི་མེད་པར་བཟོ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་16ཉིན། 16:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བརྡ་ཐོ་བཏང་ནས། 2023ལོ་ནས་བཟུང《རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་གི་སློབ་ཐོན་སློབ་མའི་ལས་ཞུགས་འབྱོར་ཐོ་འགོད་པའི་འཛིན་ཡིག》དང《རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མའི་ལས་ཞུགས་འབྱོར་ཐོ་འགོད་པའི་འཛིན་ཡིག》མི་སྤྲོད་པ་དང་། ལས་ཞུགས་འབྱོར་ཐོ་འགོད་པའི་འཛིན་ཡིག་གསབ་སྒྲུབ་དང་། མངགས་གཏོང་གི་འགྲོ་ལུགས་དེ་མེད་པར་བཟོས་ནས། ལས་ཞུགས་འབྱོར་ཐོ་འགོད་པའི་འཛིན་ཡིག་དེ་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་བསྡུ་ལེན་དང་། ཐེམ་ཐོ་འགོད་པ། ཡིག་ཚགས་བསྡུ་ལེན་བརྒྱུད་སྤྲོད་སོགས་ཀྱི་འགྲོ་ལུགས་གཉེར་བའི་དགོས་ངེས་ཀྱི་ཡིག་ཆར་བརྩི་རྒྱུ་མ་རེད།
     བརྡ་ཐོའི་ནང་བླང་བྱ་བཏོན་དོན། མཐོ་སློབ་སློབ་ཐོན་སློབ་མའི་དྲ་ཐོག་ནས་གན་རྒྱ་འཇོག་པའི་མ་ལག་འཐུས་ཚང་དུ་བཏང་ནས། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཁུལ་གྱི་མི་སྤྱོད་ཚན་པ་དང་མཐོ་སློབ་སློབ་ཐོན་སློབ་མས་དྲ་ཐོག་ནས་གན་རྒྱ་འཇོག་རྒྱུར་སྐུལ་ལྕག་བྱེད་དགོས། སློབ་གྲྭ་ནས་ཁ་བྲལ་རྒྱུ་དུས་འགྱངས་བྱས་པའི་ལོ་འདིའི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མར་ལས་ཞུགས་ཐོ་འགོད་དང་། ཡིག་ཚགས་བརྒྱུད་སྤྲོད། ཐེམ་ཐོ་འགོད་པ་བཅས་ཀྱི་དུས་ཚོད་དེ་མཚུངས་ཀྱིས་ཕྱིར་འགྱངས་བྱེད་དགོས།