འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་16ཉིན།

༄༅།།འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་16ཉིན། 15:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད།
   མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་འཕྱོ་གཡེང་འཕུར་གྲུ་རླུང་ཁམས་ཆེན་པོའི་ཚན་རིག་ལྟ་དཔྱད་ཚད་འཇལ་འཛམ་གླིང་གི་ཟིན་ཐོ་བཏོད།
   ཟླ་5ཚེས་15ཉིན་གྱི་ཐོ་རེངས་ཆུ་ཚོད་1ཡོལ་ཙམ་ལ། “རྒྱང་ལྟ་ཨང་དང་པོའི་”Ⅲརྟགས་ཅན་གྱི་འཕྱོ་གཡེང་འཕུར་གྲུ་དེ་ས་བབ་མཐོ་ཚད་སྨི་42070ཟིན་པའི་ཀྲུང་གོ་ཚན་རིག་ཁང་ཇོ་རི་ས་ཚིགས་ཀྱི་ཉེ་འགྲམ་ནས་འཕེན་གཏོང་བྱས་པ་རེད། ཐོ་རེངས་ཆུ་ཚོད་4དང་སྐར་མ་26ཐོག་ས་བབ་མཐོ་ཚད་སྨི་9000ལས་བརྒལ་བ་དང་། ཆུ་ཚོད་4དང་སྐར་མ་40ཐོག་ས་བབ་མཐོ་ཚད་སྨི་9032ལ་འབྱོར་ཏེ། ཇོ་མོ་གླང་མའི་མཐོ་ཚད་སྨི་88448.86ལས་བརྒལ་བ་བཅས་ཀྱི་ཐོག་ནས་འཕྱོ་གཡེང་འཕུར་གྲུ་རླུང་ཁམས་ཆེན་པོའི་ཚན་རིག་ལྟ་དཔྱད་ཚད་འཇལ་འཛམ་གླིང་གི་ཟིན་ཐོ་བཏོད་ཡོད་པ་རེད།
   “རྩེར་སོན་འགན་འཁྲི”ཇོ་རི་ཚན་ཞིབ་འཕྱོ་གཡེང་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཚོགས་པ་ནི་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་དང་། ཀྲུང་གོ་ཚན་རིག་ཁང་མཁའ་དབྱིངས་ཆ་འཕྲིན་གསར་གཏོད་ཞིབ་འཇུག་ཁང་། ཀྲུང་གོ་ཚན་རིག་ཁང་ཁྲང་ཁྲུན་འོད་རིག་ཞིབ་ཚགས་འཕྲུལ་ཆས་དང་དངོས་ཁམས་ཞིབ་འཇུག་ཁང་བཅས་ཀྱི་ཚན་རིག་རྟོག་ཞིབ་རུ་མི་64ལས་གྲུབ་པ་ཞིག་རེད།
   ད་ཐེངས་ཀྱི་ལྟ་ཞིབ་ཚད་ལེན་ལས་འགན་སྒྲུབ་པར་སྤྱོད་པའི་འཕྱོ་གཡེང་འཕུར་གྲུ་ནི་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་འཕྱོ་གཡེང་འཕུར་གྲུ་ཡིན་ཞིང་། རིང་ཚད་ལ་སྨི་55དང་མཐོ་ཚད་ལ་སྨི་19བོངས་ཚད་སྨི་རྒྱ་གྲུ་བཞི་མ་9060ཟིན་པ། ལྗིད་ཚད་བསྡོམས་འབོར་ཏུན་2.625ཟིན་པ། ས་ངོས་ཀྱི་གྲུ་འཇོག་རླངས་འཁོར་གྱི་ལྗིད་ཚད་ཏུན་90ཟིན་ཡོད་པ་རེད། གཡེང་གྲུའི་སྟེང་བླུགས་པའི་ལྟ་ཞིབ་ཚད་ལེན་ཡོ་བྱད་ནི་གཙོ་བོ་ས་ངོས་ནས་མཐོ་ཚད་སྨི་9000བར་གྱི་མཁའ་དབྱིངས་ཀྱི་རླུང་ཁམས་ཆེན་པོའི་གྲུབ་ཆའི་གཞི་གྲངས་དང་ཆུ་རླངས་བརྒྱུད་གཏོང་བྱེད་པའི་བརྒྱུད་རིམ་དུས་གཅིག་ཏུ་ཐོ་འགོད་བྱ་རྒྱུར་སྤྱོད་ཀྱི་ཡོད། ཚད་འཇལ་གཞི་གྲངས་ཀྱི་ཁོངས་སུ་རླུང་ཁམས་ཆེན་པོའི་ཆུ་རླངས་བརྟན་བཟོ་གནས་མཐུན་རྒྱུ་དང་། ཐཱན་ནགཐལ་རྡུལ། ཝོན་ཀ་པ། དབྱང་གཉིས་ཐཱན་རྫས་སོགས་ཀྱི་འགྱུར་ལྡོག་ཚུད་ཡོད།
   ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་རུ་ཁག་ཐེངས་གཉིས་པའི་རུ་དཔོན་ཡའོ་ཐན་ཏུང་གིས་གསར་འགོད་པར། གཡེང་གྲུ་རླུང་ཁམས་ཆེན་པོའི་ཚན་རིག་ལྟ་དཔྱད་ཚད་འཇལ་བྱས་པ་དེས“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”གི་ཆུ་ཁུངས་གསལ་སྟོན་དང་འགག་རྩའི་ཚན་རིག་གི་གཞི་གྲངས་མཁོ་འདོན་བྱ་རྒྱུ་མ་ཟད། གོ་ལ་ཧྲིལ་པོ་དྲོ་རུ་འགྲོ་བའི་རྒྱབ་ལྗོངས་འོག་མཚོ་བོད་ས་མཐོའི་ཆུ་དང་། སྣོད་བཅུད། མིའི་རིགས་ཀྱི་བྱེད་སྒོ་སྦྲེལ་ཐག་གི་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐབས་ཇུས་བཏོན་ནས་ཚན་རིག་གི་གཞི་འཛིན་ས་གལ་ཆེན་ཞིག་ཀྱང་མཁོ་འདོན་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
༄༅།།འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད།