འཚོལ་བཤེར།   
藏文频道
2022ལོའི་ཟླ་4ཚེས་29ཉིན།

༄༅༎།མཛོད་དགེའི་འདམ་ར་ནས་ཆུ་བྱ་མགོ་དམར་ཁྱུ་གཅིག་མཐོང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 04ཚེས་29ཉིན། 15:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་མཛོད་དགེ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཁོངས་སུ། པར་རྒྱག་རྒྱུར་དགའ་པོ་བྱེད་མཁན་ཚོས་ཆུ་བྱ་མགོ་དམར་20ལྷག་འཕུར་ལྡིང་དང་ཟས་འཚོལ་བའི་རྣམ་པ་པར་བླངས་ཡོད་ཅིང་།
དེ་ནི་རྒྱལ་ཁབ་ཀྱི་སྲུང་སྐྱོང་རིམ་པ་དང་པོ་སྟོངས་ལ་ཉེ་བའི་བྱ་རིགས་ཤིག་ཡིན་པས།“འདབ་ཆགས་ཁྲོད་ཀྱི་དོམ་ཁྲ”ཞེས་བརྗོད་ཀྱི་ཡོད།
   མཛོད་དགེ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། མཛོད་དགེ་རྫོང་དུ་ཉ་རིགས་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་རྩྭ་ཆུ་བཟང་བས།སྤྱིར་བཏང་ཟླ་4པའི་ཟླ་འགོར། ཆུ་བྱ་མགོ་དམར་མཛོད་དགེ་རྫོང་ལ་སླེབས་ནས་ཟས་འཚོལ་ཞིང་ངལ་གསོ་བྱེད་བཞིན་ཡོད་པ་དང་། ཟླ་7པའི་ཟླ་མཇུག་ཏུ་བྱང་ཕྱོགས་སུ་འཕུར་གྱི་ཡོད་པ་རེད། འོན་ཀྱང་དེ་སྔ་སྲུང་སྐྱོང་ཁུལ་དུ་བྱ་དེ་རིགས་ཁ་ཤས་ལས་མཐོང་རྒྱུ་མེད་མོད། ད་ཐེངས་མཉམ་གཅིག་ཏུ་བྱ་20ཡན་མཐོང་བ་ནི་མཐོང་དཀོན་པ་ཞིག་རེད།