འཚོལ་བཤེར།   
藏文频道
2022ལོའི་ཟླ་4ཚེས་27ཉིན།

༄༅།།ཡུལ་ཤུལ་ནང་ཆེན་ནས་རྡོ་བརྐོས་འདི་འདྲ་ཞིག་གསར་དུ་རྙེད་འདུག     

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 04ཚེས་27ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཡུལ་ཤུལ་ནང་ཆེན་ནས་རྡོ་བརྐོས་འདི་འདྲ་ཞིག་གསར་དུ་རྙེད་འདུག
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་26ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་ནང་ཆེན་རྫོང་རིག་གནས་དང་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་གློག་བརྙན་ཅུས་ཀྱིས་རྫོང་དེའི་ཤར་མདའ་གྲོང་རྡལ་སྐྱོ་བྲག་ཞང་ཁོངས་ཀྱི་ཤུལ་བཞག་བྲག་ཕུག་དང་གནའ་ཤུལ་ལ་བརྟག་དཔྱད་ལས་དོན་སྤེལ་ནས་ཁྱོན་ས་གནས་13ལ་རྩད་ཞིབ་བྱས་པ་རེད། དེའི་རིང་། སྐྱོ་བྲག་ཞང་འབུལ་བ་གྲོང་ཚོའི་གྲོག་རོང་ཆེན་པོ་རུ་བྲག་བརྐོས་དང་རྡོ་བརྐོས་ཀྱི་ཤུལ་བཞག་ལ་གནའ་རྫས་རྟོག་ཞིབ་དང་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད། 
【1】  【2】  【3】
༄༅།།ཡུལ་ཤུལ་ནང་ཆེན་ནས་རྡོ་བརྐོས་འདི་འདྲ་ཞིག་གསར་དུ་རྙེད་འདུག