འཚོལ་བཤེར།   
藏文频道
2022ལོའི་ཟླ་4ཚེས་24ཉིན།

༄༅།།ཞིང་ཆེན་འདི་གཉིས་ཀྱི་འགོ་ཁྲིད་གསར་པ་བསྐོས་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 04ཚེས་24ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
  མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གིས་གཏན་འབེབས་བྱས་དོན། བློ་མཐུན་ཉི་ཡའེ་ཧྥེང་གིས་ཧོ་པེ་ཞིང་ཆེན་ཨུ་ལྷན་གྱི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་བཅས་ཀྱི་འགན་འཁུར་རྒྱུ་དང་། བློ་མཐུན་ཝང་ཏུང་ཧྥེང་གིས་ཧོ་པེ་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་འགན་མི་འཁུར་རྒྱུའི་ཐག་བཅད་པ་རེད། 
བློ་མཐུན་ཝང་ཞའོ་ཧུའེ་ཡིས་ཞིང་ཆེན་ཨུ་ལྷན་གྱི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་བཅས་ཀྱི་འགན་འཁུར་རྒྱུ་དང་། བློ་མཐུན་ཕེང་ཆིང་ཧྭ་ཡིས་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་འགན་མི་འཁུར་རྒྱུའི་ཐག་བཅད་པ་རེད།