འཚོལ་བཤེར།   
藏文频道
2022ལོའི་ཟླ་4ཚེས་11ཉིན།

༄༅།།འཛམ་གླིང་ལ་སྟབས་བསྡུས་དང་། བདེ་འཇགས། ངོ་མཚར་ཆེ་བ་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་སྐྱེས་སུ་ཕུལ་བ།

  —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 04ཚེས་11ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
     “ཀྲུང་གོ་བས་སྔར་ནས་བཟུང་གང་བཤད་ཚིག་གནས་དང་གང་བྱས་མཐའ་འཁྱོལ་བྱེད་ཀྱི་ཡོད” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གྲུབ་འབྲས་ཆེན་པོར་ཁས་ལེན་གང་ལེགས་གནང་བ་དང་ལོ་7རིང་གི་སྤྱིར་བཏང་མིན་པའི་གྲབས་གཉེར་བྱ་རིམ་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་གནང་སྟེ“འཛམ་གླིང་ལ་སྟབས་བསྡུས་དང་། བདེ་འཇགས། ངོ་མཚར་ཆེ་བ་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་སྐྱེས་སུ་ཕུལ་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་བཞག་པའི་སྒམ་བརླིང་ལྡན་པའི་དམ་བཅའ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད”ཅེས་བརྗིད་ཉམས་ལྡན་པའི་ངང་གསལ་བསྒྲགས་གནང་བ་རེད།
     པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཡག་པོ་གཉེར་རྒྱུ་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་དང་ཡར་ངོའི་ཟླ་ལྟར་འཕེལ་བ་དང་སྒོ་དབྱེ་དང་གདེང་ཚོད་ལྡན་པའི་ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྒམ་བརླིང་ལྡན་པའི་དམ་བཅའ་བཞག་པ་ཞིག་རེད། ལོ་བདུན་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐོ་གཟིགས་འོག་བསྐྱངས་དང་། ཕྱོགས་སྟོན་སྣེ་ཁྲིད། སྐུ་ངོ་མས་ཇུས་འགོད་དང་། སྐུ་ངོ་མས་བཀོད་སྒྲིག སྐུ་ངོ་མས་སྐུལ་འདེད་བཅས་གནང་བ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱིས་མཐུན་སྒྲིལ་རོགས་ལས་བྱེད་པ་དང་། གྲབས་གཉེར་དང་གྲ་སྒྲིག་ཚན་པ་དང་གཙོ་གཉེར་གྲོང་ཁྱེར་གྱིས་ཏོག་གསར་གློ་ཚད་རིམས་ནད་སོགས་ཀྱི་དཀའ་ངལ་ཁྱད་བསད་དང་འགྲན་སློང་ལ་ཁ་གཏད་གཅོག་པ། སྒྲིག་འཛུགས་ཞིབ་ཚགས་དང་ནུས་ཤུགས་ཡོད་རྒུ་འདོན་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གིས་སེམས་ནུས་ཡོད་རྒུས་ལེགས་སྐྱེས་འབུལ་བ་དང་སྤྲོ་སེམས་ཆེན་པོས་དེའི་ནང་ཞུགས་པ་བཅས་བྱས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོས་ལྗང་མདོག་དང་། མཉམ་སྤྱོད། སྒོ་དབྱེ། སྤྱོད་གཙང་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་གཉེར་བའི་འདུ་ཤེས་འཆང་བ་དང་། “སྟབས་བསྡུས་དང་། བདེ་འཇགས། ངོ་མཚར་ཆེ་བ”བཅས་ཀྱི་འགྲན་བསྡུར་གཉེར་བའི་བླང་བྱ་མངོན་གསལ་དོད་པོ་ཡོང་བ་བྱེད་པ། འགྲན་དོན་ཁག་སྒྲིག་འཛུགས་དང་། འགྲན་བསྡུར་ལ་ཞབས་ཞུ། བཀོད་འདོམས་བཀོད་གཏོང་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་དུས་བཀག་ལྟར་བདེ་བླག་ངང་གཉེར་བ་དང“ཨོ་རྩལ་འགྲན་ཚོགས་གཉིས་ཀ”ངོ་མཚར་ལྡན་པ་ཡོང་བའི་འགན་ལེན་བྱས་པས་འཛམ་གླིང་ཡོངས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།
     འདི་ནི་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་དུས་ཐོག་ཏུ་གཉེར་བའི་གོ་ལ་ཧྲིལ་པོའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འདུ་ཚོགས་གཟབ་རྒྱས་ཐོག་མ་དེ་ཡིན་པ་དང་འགོ་འཛུགས་དང་མཇུག་སྒྲིལ་མཛད་སྒོ་ཐེངས་བཞིའི་ལྟད་མོ་ཧ་ཅང་ཆེ་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་བརྗོད་བྱ་གཙོ་བོ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང་ཀྲུང་ཧྭའི་རིག་གནས་དང་གངས་འཁྱགས་ཀྱི་གཞི་རྒྱུ་ཕན་ཚུན་ཟུང་འབྲེལ་བྱས་པ་ལས་རང་བྱུང་གི་མཛེས་སྡུག་དང་། མི་ཆོས་རིག་གནས་ཀྱི་མཛེས་སྡུག ལུས་རྩལ་གྱི་མཛེས་སྡུག་བཅས་མངོན་ནས་དུས་རབས་གསར་པའི་བློས་འགེལ་ཆོག་པ་དང་། གཅེས་པར་འོས་པ། གུས་བཀུར་ཞུ་འོས་པ་བཅས་ཀྱི་ཀྲུང་གོའི་གཟུགས་བརྙན་མཚོན་ཡོད། འགྲན་ཁུལ་གསུམ་གྱི་འགྲན་རའི་སྒྲིག་བཀོད་རྩེ་གྲ་དང་། གཟབ་ནན་ཆེད་ལས་ཀྱི་འགྲན་བསྡུར་སྒྲིག་འཛུགས། སེམས་རྩ་འཁོལ་ལ་ཚགས་ཚུད་པའི་ཞབས་ཞུ་བཅས་ལ་འགྲན་ཞུགས་ཕྱོགས་ཁག་གི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་པ་དང་། ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་པའི་ཨོ་རྩལ་འགྲན་ཚོགས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་སླར་ཡང་བཏོད་ཅིང་། པེ་ཅིང་འདི་ཉིད་གོ་ལ་ཧྲིལ་པོའི་ཐོག་གི“ཨོ་རྩལ་འགྲན་ཚོགས་ཐེངས་གཉིས་གཉེར་མྱོང་བའི་གྲོང་ཁྱེར”དང་པོ་དེར་གྱུར་ཡོད། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚོས་ཀྲུང་གོར་གཉེར་བའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འདུ་ཚོགས་གཟབ་རྒྱས་དེར་སྤྲོ་སེམས་ཆེན་པོས་དོ་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་གཅིག་རྗེས་གཉིས་མཐུད་ངང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པ་ཚོར་དགའ་འབོད་དང་ངར་ཤུགས་བསླངས་པ་དང་རླབས་ཆེན་མེས་རྒྱལ་ལ་དགའ་འབོད་དང་ངར་ཤུགས་བསླངས་ཏེ་ཀུན་སེམས་གཅིག་སྒྲིལ་དང་རྒྱུན་མཐུད་འབད་འཐབ་ཀྱི་དཔའ་ངར་ཆེར་བསྐྱེད་ཀྱི་ངར་སེམས་འཕེལ་བ་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།
     པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གྲབས་གཉེར་དང་གཉེར་བ་ལས་རང་རྒྱལ་གྱི་གངས་འཁྱགས་ལུས་རྩལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་བར་སྐུལ་མ་ཐེབས་ནས་ཀྲུང་གོ་ཙམ་མ་ཟད་ཐ་ན་གོ་ལ་ཧྲིལ་པོའི་གངས་འཁྱགས་ལུས་རྩལ་གྱི་དུས་རབས་གསར་པ་གཏོད་འགོ་ཚུགས་ཡོད། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཤུལ་བཞག་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས་ཨོ་རྩལ་འགྲན་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་ས་ཁོངས་འཕེལ་རྒྱས་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གནད་ལ་འཁེལ་ཞིང་ཕན་འབྲས་ཐོན་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་བདེ་འཇགས་དང་བདེ་བླག་ངང་གཉེར་ཐུབ་པའི་འགན་ལེན་བྱས་པ་དང་། ཀྲུང་གོའི་རིམས་འགོག་སྲིད་ཇུས་ལ་སླར་ཡང་ཚོད་བགམ་ཐེག་ནས་གོ་ལ་ཧྲིལ་པོའི་རིམས་འགོག་དང་རྒྱལ་སྤྱིའི་བྱེད་སྒོ་གལ་ཆེན་སྤེལ་རྒྱུར་ཕན་ཡོད་ཀྱི་ཉམས་མྱོང་མཁོ་འདོན་བྱས་པ་དང་འཛམ་གླིང་ལ“མཉམ་དུ་འབྱུང་འགྱུར་ལ་ཕྱོགས་པའི”དུས་རབས་ཀྱི་འདུན་པ་བཏོན་ཡོད།
     ལོ་བདུན་རིང་དཀའ་སྤྱད་འབད་འཐབ་བྱས་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འོད་སྟོང་བཏོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དེའི་ནང་འཐབ་ཕྱོགས་ཁག་གི་མི་རྣམས་ཀྱི་དཀའ་སྤྱད་འབད་བརྩོན་དང་བློ་གྲོས་དང་རྔུལ་ཆུ་གཅིག་ཏུ་འདུས་ཡོད”ཅེས་ནན་བཤད་གནང་བ་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གྲབས་གཉེར་དང་གཉེར་བ་དེ་དཀའ་ངལ་ཤིན་ཏུ་ཆེ་བའི་གནས་ཚུལ་འོག་སྐུལ་འདེད་བཏང་བ་ཞིག་ཡིན་པ་དང་དེའི་ནང་ཞུགས་མཁན་ཡོངས་ཀྱིས“ཡུད་ཙམ་ཡང་མཚམས་འཇོག་མི་རུང་བ་དང་། གོམ་པ་གང་ཡང་ནོར་འཛོལ་མི་རུང་བ། ཉིན་གཅིག་ཀྱང་འཐུས་ཤོར་མི་འགྲོ་བ”བཅས་མཐའ་འཁྱོངས་བྱས་ནས་དཀའ་ཚེགས་ཧ་ཅང་ཆེ་བའི་འབད་བརྩོན་བྱས་པ་ཞིག་རེད། རང་རྒྱལ་གྱི་རྒྱ་ཆེའི་ལུས་རྩལ་པ་དང་རྩལ་ཁྲིད་པས་ཏང་དང་མི་དམངས་ཀྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་འཐབ་ཕོད་པ་དང་རང་ཉིད་ལས་རྣམ་པར་རྒྱལ་ཏེ་རང་རྒྱལ་གྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བཏོད་ནས་ཏང་དང་མི་དམངས་ལ་གཟི་བརྗིད་མཚན་སྙན་བརྩོན་ལེན་བྱས་ཡོད། རྒྱ་ཆེའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ལ་ཞུགས་མཁན་ཚོས་དཀའ་སྤྱད་འབད་བརྩོན་དང་། ཞུམ་མེད་སྙིང་རུས། བློ་སྟོབས་ཆེན་པོ་བཅས་ཀྱི་ཐོག་ནས་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། གཟི་བརྗིད་ཀྱི་བསམ་པ་བཅས་ཆེན་པོ་བཅངས་ཏེ་ལས་འགན་ཁག་གཟེངས་སུ་ཐོན་པའི་ངང་ལེགས་སྒྲུབ་བྱས་ནས་མེས་རྒྱལ་དང་། མི་དམངས། དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་འོད་སྟོང་འཕྲོ་བའི་བྱས་རྗེས་བཞག་ཡོད།
     དེང་སྐབས། ལོ་བརྒྱའི་འགྱུར་ལྡོག་ཆེན་པོ་དང་དུས་རབས་ཀྱི་རིམས་ནད་མཉམ་དུ་གནས་པ་དང་འཛམ་གླིང་འདི་ཡོ་ལང་དང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱུགས་འབུལ་ལམ་བུ་གསར་པའི་ཐོག་ཐོབ་པར་དཀའ་བའི་གོ་སྐབས་འཕྲད་ཡོད་ལ་འགྲན་སློང་དྲག་པོའང་འཕྲད་ཡོད་པ་ང་ཚོས་གསལ་པོར་ཤེས་དགོས། ཀྲུང་གོ་གུང་ཁྲན་ཏང་ནི་ང་ཚོས་རླབས་ཆེན་གྱི་གྲུབ་འབྲས་གཏོད་པའི་བློས་འཁེལ་ཤོས་ཀྱི་སྲོག་ཤིང་ཡིན་པས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཚེ་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་ཉེན་ཁ་གང་རུང་ལས་རྣམ་པར་རྒྱལ་ཐུབ་ངེས་རེད་ལ། ང་ཚོས་སྒྲུབ་འདོད་པའི་བྱ་བ་གང་རུང་ཞིག་སྒྲུབ་ཐུབ་ངེས་ཡིན་པ་དོན་དངོས་ལས་ར་སྤྲོད་གང་ལེགས་བྱུང་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཀྲུང་གོའི་འཕེལ་རྒྱས་ཀྱི་འབྱུང་འགྱུར་ལ་ཕྱོགས་པ། མིའི་རིགས་འཕེལ་རྒྱས་ཀྱི་འབྱུང་འགྱུར་ལ་ཕྱོགས་པ་བཅས་བྱས་ཏེ་གདེང་ཚོད་དེ་བས་ཆེ་བ་དང་བློ་སྟོབས་དེ་བས་བརྟན་པོའི་ཐོག་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།