འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་15ཉིན།

༄༅།།མཛོད་དགེ་རྩྭ་ཐང་གི་ཁྲིམས་སྒྲོག་པ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་15ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཛོད་དགེ་རྩྭ་ཐང་གི་ཁྲིམས་སྒྲོག་པ།
    མི་དམངས་དྲ་བའི་འཕྲིན། ཐག་རིང་ཞིང་རི་མཐོར་འཚོ་གནས་བྱེད་པའི་འབྲོག་ས་རུ། རིག་གནས་ཆུ་ཚད་མཐོ་པོ་མེད་ཅིང་། རྒྱ་སྐད་མི་ཤེས་པའི་མང་ཚོགས་ཀྱིས་ཁྲིམས་སྦྱོང་ཁྲིམས་སྲུང་དང་། དགོས་ངེས་ཀྱི་དུས་སུ་བཅའ་ཁྲིམས་ཀྱི་མཚོན་ཆ་སྤྱད་དེ་རང་ཉིད་སྲུང་སྐྱོབ་བྱ་ཆེད། སི་ཁྲོན་རྔ་བ་ཁུལ་མཛོད་དགེ་རྫོང་སྤྱི་བདེ་ཅུས་ཀྱིས་མི་དམངས་ཉེན་རྟོག་པ་40སྐོང་འཐེན་བྱས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་ཞབས་ཞུ་རུ་ཁག་བཙུགས་ཏེ་འབྲོག་ཁུལ་དུ་བཅའ་ཁྲིམས་ཁྱབ་གདལ་བཏང་བ་རེད།
   ཁྲིམས་སྐྱོང་དྲིལ་བསྒྲགས་ཞབས་ཞུ་རུ་ཁག་དེ་ནི་2020ལོའི་ཟླ་10པར་བཙུགས་པ་རེད། མཛོད་དགེ་རྫོང་སྤྱི་བདེ་ཅུས་ཀྱིས“ཟོག་འདྲེན་རླངས་འཁོར་རུ་ཁག”དང“གཞིས་ལུས་རྒན་རྒོན”སོགས་མི་ཚོགས་ལ་དམིགས་ནས་མཛོད་དགེ་རྫོང་གི་གྲོང་རྡལ་7གྱི་ཤང་6གི་སྡེ་ཁུལ་དང་གྲོང་ཚོ་91ཏུ་དུད་ཚང་ཁྲི་སྟོང་མང་པོར་ཁྲིམས་སྐྱོང་གི་ཞབས་འདེགས་ཞུས་པ་རེད།
   ལོ་གཅིག་ལྷག་ཙམ་རིང་གནད་སྨིན་དྲིལ་བསྒྲགས་ཐེངས་230ལྷག་ཙམ་བྱས་པ་དང་། མང་ཚོགས་མི་ཐེངས་ཁྲི་3ལྷག་ཙམ་ལ་ཁྱབ་ནས་ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་ནུས་ལྡན་བཏང་བས་མཛོད་དགེ་རྫོང་གི་རིགས་ཁག་གི་ཁྲིམས་འགལ་ཉེས་གསོག་གྱོད་གཞི་ཐོན་ཚད་དུས་མཚུངས་ལས་10%ཆག་ཡོད་པ་རེད།
༄༅།།མཛོད་དགེ་རྩྭ་ཐང་གི་ཁྲིམས་སྒྲོག་པ།